སྨན་རིའི་གླིང་དུ་བརྟན་བཞུགས་ཞབས་བརྟན་ལེགས་པར་གྲུབ་པ།

རྩོམ་ཡིག་འདི་ཐེངས། 1528 བཀླགས་འདུག

hh-doing-chamma-empowerment-2013

རྒྱ་ཆེའི་དད་ལྡན་བོན་འབངས་ཡོངས་ཀྱིས་ཤེས་གསལ་ལྟར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་ཟླ་གཅིག་གོང་ནས་ཨ་རིར་སྨན་བཅོས་ཆེད་ཕེབས་ཡོད་པ་དང་ཕྱིར་༧གདན་སར་སྐུ་དངོས་སུ་ཆིབས་བསྒྱུར་གནང་རྗེས་མནྡལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་འབྲེལ་བརྟན་བཞུགས་ཞབས་བརྟན་དངོས་གཞི་བསྒྲུབ་རྒྱུའི་སྐོར་འབྲེལ་ཡོད་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཡོངས་ཁྱབ་གནང་ཟིན་འདུག་པ་དང་ཉིན་ཤས་སྔོན་ནས་དབུ་བཙུགས་ཏེ་སྨན་རིའི་གླིང་དུ་བརྟན་བཞུགས་ཞབས་བརྟན་གྱི་སྔོན་འགྲོ་ཁག་ཅིག་ལེགས་པར་གྲུབ། །

     འདི་ལོའི་ཕྱི་ཟླ་ ༤ ཚེས་ ༧ ནས་ ༩ བར་གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་ལ་བོན་འབངས་ཡོངས་ཀྱིས་མགོན་པོ་གང་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་མནྡལ་ཞབས་བརྟན་གསོལ་འདེབས་ཀྱི་མཛད་སྒོ་ལེགས་པར་གྲུབ། དེའང་ཉིན་དང་པོར་བསླབ་གསུམ་ངུར་སྨྲིག་འཛིན་པའི་འདུས་མང་ཡོངས་ནས་ཡི་དམ་ཕུར་པའི་ཚོགས་མཆོད་རྒྱས་འབུལ་དང་། དད་ལྡན་ཚོགས་བཅར་བ་རྣམས་ཀྱིས་རྒྱུན་བཞིའི་གེགས་སེལ་གང་རྒྱས་སོགས་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་འབད་པ་ཞུས། DSC_0512ཉིན་གཉིས་པའི་ཞོགས་ཀར་འདུས་མང་ཡོངས་ནས་བོན་སྐྱོང་དམ་ཅན་རྒྱ་མཚོར་འཕྲིན་བཅོལ་གསོལ་ཁ་རྒྱས་པ་དང་འབྲེལ་ཞོགས་པར་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་དེ་བཞིན་གཞིས་དགོན་གཉིས་ཀྱི་སྐྱ་སེར་བརྒྱད་བརྒྱ་ལྷག་ལྷན་འཛོམས་ཐོག་སྨན་རིའི་ལྷ་རྒྱལ་རི་རྩེར་རླུང་རྟ་དར་འཛུགས་དང་བསང་གསོལ་རྒྱས་འབུལ་སོགས་གྲུབ། ཉིན་རྒྱབ་སྐྱ་སེར་ཡོངས་ནས་སྨན་རིའི་གླིང་གི་འདུལ་ཁང་དུ་བོན་སྐྱོང་མངའ་གསོལ་སོགས་གསུངས། གོང་གསལ་ཉིན་དང་པོ་དང་གཉིས་པ་གཉིས་ཀྱི་རིང་ལ་དཔལ་ལྡན་སྨན་རིའི་གླིང་གི་ཕར་ངོས་སུ་བརྗིད་ཆགས་པའི་བཙུན་དགོན་རདྣ་སྨན་གླིང་དུ་བསླབ་གསུམ་སེམས་མའི་འདུས་ཚོགས་ཀྱིས་བོན་སྐྱོང་ཚོགས་འཁོར་རྒྱས་འབུལ་ཞུས།

    ཉིན་གསུམ་པའི་ཞོགས་པར་དགེ་འདུན་འདུས་མང་ནས་ཚེ་དབང་བྱ་རི་མའི་ཚོགས་འཁོར་གསུངས་པ་དང་། ཕྱི་དྲོར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་བྱིན་ཆེན་ཚེ་ཡི་རྒྱལ་པོ་རིག་འཛིན་བྱ་རུ་མའི་བཀའ་དབང་གནང་།
DSC_0556བཀའ་དབང་ལེགས་པར་གྲུབ་མཚམས་སེར་སྐྱ་ཚང་མས་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་མགྲིན་དབྱངས་གཅིག་ཏུ་གྱེར་བཞིན་༧དཔལ་ལྡན་དྲིན་ཅན་རྩ་བའི་བླ་མའི་བཀའ་དྲིན་རྗེས་དྲན་དང་འབྲེལ་མ་བཅོས་དད་པའི་རོལ་དབྱངས་དང་ལྷད་མེད་དགའ་འདུན་གྱི་ཆུ་བོ་གཅིག་ཏུ་སྤུངས། མཇུག་མཐར་རྒྱལ་གཤེན་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར། ཕྱི་དྲོར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ནས་སྐྱ་སེར་མི་མང་ཡོངས་ལ་སྙིང་པོ་རྣམ་གསུམ་གྱི་ཁྲིད་དང་བོན་སྤྱོད་སྐྱབས་སེམས་སྐོར་ལས་འཕྲོས་པའི་དགེ་སྒྲུབ་སྡིག་སྤོང་གི་བླང་དོར་རྣམ་བཞག་སོགས་གདམས་ངག་བོན་ཁྲིད་བཀའ་དྲིན་བསྩལ། ཚང་མས་མཁྱེན་གསལ་ལྟར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ཟླ་གཅིག་གོང་ནས་ཨ་རིར་སྨན་བཅོས་ཆེད་ཕེབས་ཡོད་པ་དང་། DSC_0638ཕྱིར་གདན་སར་ཆིབས་བསྒྱུར་གནང་རྗེས་མནྡལ་སྐུ་གསུང་ཐུགས་རྟེན་དངོས་སུ་འདེགས་འབུལ་དང་བརྟན་བཞུགས་ཞབས་བརྟན་དངོས་གཞི་བསྒྲུབ་རྒྱུའི་སྐོར་འབྲེལ་ཡོད་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཡོངས་ཁྱབ་གསལ་བསྒྲགས་ཞུས་པ་དང་བརྟན་བཞུགས་ཞབས་བརྟན་གྱི་སྔོན་འགྲོའི་སྐབས་འདིར་ཨ་རི་དང་ཡོ་རོབ་སོགས་ཕྱོགས་མཐའ་ཁག་ནས་བརྟན་བཞུགས་གོ་སྒྲིག་ཚོགས་མི་མི་ཉུང་བ་ཞིག་ཀྱང་ཕེབས་ཡོད་པ་རེད།

   དེ་བཞིན་ལོ་གཅིག་གོང་ནས་རྒྱལ་གཤེན་བོན་ཚོགས་ཀྱི་དགེ་སློབ་ཐུན་མོང་གིས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་སྐྱབས་འཇུག་ཞུས་དོན་ལྟར་བརྟན་བཞུགས་ཞབས་བརྟན་ལེགས་པར་གྲུབ་རྗེས་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གསོ་རིག་འབུམ་བཞིའི་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཕྱི་རྒྱལ་ཁག་ནས་ཕེབས་པའི་ཕྱི་མི་བོན་འབངས་བརྒྱ་ཕྲག་གཅིག་མ་ཟིན་ཙམ་ལ་རིན་པོ་ཆེ་མཆོག་ནས་བླ་མེདDSC_0563་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་ཀུན་གཞི་ཞལ་ཤེས་ཀྱི་ལུང་དང་འབྲེལ་བཀའ་ཁྲིད་ཟབ་རྒྱས་གནང་བ་སོགས་མདོར་ན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་མནྡལ་བརྟན་བཞུགས་རྒྱས་འབུལ་གྱི་སྔོན་འགྲོའི་སྟ་གོན་རྣམས་བཀྲ་ཤིས་དང་རྒྱལ་ཁའི་ངང་གྲོལ་ལོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *