མཁས་དབང་བདེ་གསལ་དགེ་རབ་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།
རྩོམ་ཡིག་འདི་ཐེངས། 1821 བཀླགས་འདུག
འདི་ཟླའི་ཚེས་ ༢༥ ཉིན་གྱི་ཞོགས་པར་དགུང་ལོ་ ༩༦ ཟིན་པའི་མཁས་དབང་ཌེ་ཝི་ཌུ་སི་ནེལ་གྷི་རེབ་བམ་མཁས་དབང་བདེ་གསལ་དགེ་རབ་མཆོག་ (Professor David L. Snellgrove) ཨི་ཊ་ལི་རྒྱལ་ཁབ་ཀྱི་ཁོང་གི་གཟིམ་ཤག་ཏུ་སྐུ་གཤེགས་ཡོད་འདུག
།
མཁས་དབང་དམ་པ་ཁོང་ནི་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་ཡིད་ཟབ་པའི་གྲོགས་པོ་ཡག་ཤོས་ཞིག་ཡིན་པ་མ་ཟད། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཉམ་དུ་མདོ་དྲི་མེད་གཟི་བརྗིད་ལས་ཐེག་པ་རིམ་དགུའམ་ Nine Ways of Bon ཞེས་པ་སོགས་དབྱིན་བསྒྱུར་གནང་ཡོད། ཁོང་སྐུ་གཤེགས་རྗེས་མཁས་དབང་མཁས་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་སྒེར་གྱི་ངོ་དེབ་ཐོག་ཏུ་བྲིས་པ་”ཁོང་ནི་ཕྲན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཐུག་པའི་ནུབ་ཕྱོགས་པ་ཐོག་མ་དེ་ཡིན་ལ། ལོན་ཊོན་ཨོག་སུ་སྤོར་ (SOAS) མཐོ་སློབ་ནས་ཁོང་དང་མཉམ་དུ་བོན་གྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་པ་མ་ཟད་ཁོང་གིས་བོན་གྱི་ལོ་རྒྱུས་ཞིབ་འཇུག་ཐད་གྲོས་འགོ་བསྟན་གནང་བ་རེད་”ཅེས་མཚན་མཐོང་ཧ་ཅང་ཆེན་པོ་གནང་འདུག
།
ནུབ་ཕྱོགས་ཁྲོད་ནས་བོད་ཀྱི་ལོ་རྒྱུས་སྤྱི་དང་ལྷག་པར་ཞང་བོན་དང་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་མཁས་དབང་བདེ་གསལ་དགེ་རབ་ཁོང་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན།
།
མཁས་དབང་ཁོང་ཕྱི་ལོ་ ༡༩༢༠ ལོའི་ཟླ་ ༦ པར་ལོན་ཊོན་དུ་སྐུ་འཁྲུངས། ༡༩༤༣ ནས་བཟུང་བོད་ཀྱི་སྐད་ཡིག་སོགས་སློབ་འགོ་བརྩམས་ཤིང་རྒྱ་གར་དར་རྒྱས་གླིང་ཕྱོགས་སུ་ཡུན་རིང་ཙམ་བཞུགས་པ་མ་ཟད་ལྡི་ལི་ནས་བོད་ཀྱི་དཔེ་ཆ་དཔར་བསྐྲུན་སོགས་ཀྱི་ཐད་ཕྱག་ལས་མང་པོ་གནང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༥ ཞོགས་པར་དགུང་ལོ་ ༩༦ ཐོག་དགོངས་པ་གཞན་དུ་གཤེགས། །
།།
བསམ་ཚུལ་ཕྲིས།