བརྟན་བཞུགས་ཀྱི་དུས་ཚེས་རང་སོར་འཇོག་རྒྱུ་ཡིན།

རྩོམ་ཡིག་འདི་ཐེངས། 847 བཀླགས་འདུག

IMG_7780༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་གསལ་བསྒྲགས།

༅༅།། འཛམ་གླིང་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་རྗེས་སུ་འཛིན་པའི་དད་ལྡན་ལྷ་མི་ཡོངས་ལ་ཞུ་གསོལ།


༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་དང་འཛམ་གླིང་བོན་འབངས་ཡོངས་ཀྱིས་རེ་བ་དང་སྐུ་ངལ་མཛད་པའི་འབྲས་བུ་ད་ཆར་དངོས་སུ་དོན་འཁྱོལ་འབྱུང་རྒྱུའི་མཚམས་སུ་སླེབས་ཡོད་པ་མ་ཚད། ལྷག་ཏུ་ཞུ་དགོས་པ་ཞིག་ལ་ངེད་བརྟན་བཞུགས་གོ་སྒྲིག་ཚོགས་པས་གཞུང་འབྲེལ་གསལ་བསྒྲགས་ཁ་སྔོན་ནས་ཞུས་པ་ནང་བཞིན། ཕྱི་ཟླ་༤ཚེས་༧ནས་ ༩ བར་འཕགས་ཡུལ་བོན་གཞིས་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་ལ་བརྟན་བཞུགས་རྒྱས་འབུལ་དང་། ཕྱི་ཟླ་༤ཚེས་༢༠ནས་༢༢བར་བལ་ཡུལ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེར་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུ་རང་སོར་གནས་རྒྱུ་མཁྱེན་གསལ་ལྟར་ཡིན། དེ་དང་མཉམ་དུ་ཞུ་དགོས་པ་ཞིག་ལ་ད་ཆར་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ཨ་རི་ནེའུ་ཡོག་ཏུ་སྐུ་གཟུགས་སྨན་དཔྱད་གནང་དང་གནང་བཞིན་པ་ལ། རྩ་བའི་གནས་སྟངས་གང་ས་ཅིའི་ཐད་ནས་ཉིན་རེ་ལས་ཉིན་རེར་སྐུ་ཁམས་དྭངས་གསལ་འགྲོ་བཞིན་པ་འདིའང་མཆོག་གསུམ་བོན་སྐྱོང་སྲུང་མའི་བྱིན་མཐུ་དང་། དད་ལྡན་བོན་འབངས་ཡོངས་ཀྱིས་བསོད་ནམས་ཀྱིས་གསོལ་འདེབས་ཞབས་རིམ་གནད་སྨིན་ཞུས་འབྲས་ཡིན་པར་སྨོས་ཅི། དེ་བཞིན་སླད་མར་ཡང་བོན་འབངས་ཡོངས་ཀྱིས་ཞབས་རིམ་ལ་རྒྱུན་དུ་བརྩོན་རྒྱུ་དགོངས་བཞེས་གནང་རྒྱུའི་རེ་བ་དང་། མགོན་པོ་གང་ཉིད་མགྱོགས་ནས་མྱུར་དུ་སྐུ་ཁམས་སང་དྲག་ངང་ནས་རང་གནས་གདན་སར་ཞབས་སོར་བདེ་འཁོད་ཐོག རང་ཅག་བོན་འབངས་ཡོངས་ཀྱི་འདོད་དོན་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་མཛད་འཕྲིན་འདི་བཞིན་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་གེགས་མེད་ངང་འབུལ་བཞེས་ཐུབ་པའི་སྨོན་ལམ་དང་བཅས་ཏེ།

༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བརྟན་བཞུགས་རྒྱས་འབུལ་གོ་སྒྲིག་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།
ཕྱི་ལོ༢༠༡༦ཟླ་༠༣ཚེས་༠༤ཉིན།

(གསལ་བཤད།) གནས་ཚུལ་གྱི་མིང་འདི་ག་གསར་ཁང་གིས་བཏགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *