མི་ཡུལ་གྱི་མགྲོན་པོ།

རྩོམ་ཡིག་འདི་ཐེངས། 1080 བཀླགས་འདུག

IMG_4833

མཐོ་བ་གངས་རིའི་རྩེ་ནས་བྱ་བྱེའུ་དཀྲོགས། །
དམའ་བ་གཙང་ཆུའི་ནང་ནས་ཉ་མོ་བདས། །
ཡངས་པོ་སྤང་རིའི་ཁུག་ནས་ནོར་རྗེས་དེད། །
མ་ངེས་གནས་བརྒྱར་འགྲིམས་པའི་ཨ་སྐྱོ་བ། །

སྨན་ཤར་སྒེག་མོའི་ཟུར་མིག་རྒྱབ་ཏུ་བསྐྱུར། །
འདུལ་ཁྲིམས་ལྕགས་ཀྱི་ཐག་པ་སྐེ་ལ་བསྐོན། །
དབེན་པའི་གནས་སུ་རྐང་སྒྲ་ལྷོད་ཀྱིས་ནུར། །
མ་ངེས་གནས་བརྒྱར་འགྲིམས་པའི་ཨ་སྐྱོ་བ། །

མདོ་རྒྱུད་ཚད་མའི་གཞུང་ལུགས་ལྕེ་རྩེར་བྱང་། །
སྔགས་རྒྱུད་ཐིག་ལེའི་བདེ་དྲོད་རྩ་སྒོར་བསྐྱིལ། །
རྫོགས་ཆེན་སྣང་བཞིའི་ལྟད་མོ་སྙིང་ཁར་གྲོལ། །
མ་ངེས་གནས་བརྒྱར་འགྲིམས་པའི་ཨ་སྐྱོ་བ། །

བདེ་སྣང་དབྱིངས་ལ་འབར་སྐབས་གླུ་རེ་བླངས། །

གཟུང་འཛིན་ཐག་པ་བཀྲོལ་སྐབས་བྲོ་རེ་འཁྲབ། །

ལྷ་འདྲེའི་ཆོ་འཕྲུལ་མཐོང་སྐབས་བགད་རེ་ཤོར། །

མ་ངེས་གནས་བརྒྱར་འགྲིམས་པའི་ཨ་སྐྱོ་བ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *