རྨི་ལམ་ཞིང་གི་ཕ་ས།
རྩོམ་ཡིག་འདི་ཐེངས། 2309 བཀླགས་འདུག
།
གཅེས་པའི་ཚེ་སྲོག་ཁ་བའི་རི་ལ་མཐུད།།
གོམ་པའི་ཁྲག་རྒྱུན་ཚ་བའི་ཀློང་དུ་སྐྱིལ།།
རྒས་པའི་ཟུང་ཤུགས་ནུབ་ཀྱི་རི་ལ་རྩེན།།
མི་ཚེའི་འགྲུལ་བཞུད་འདི་ཉིད་ཨ་ལ་ལ།།
།
ལན་རེར་བསམ་ན་རིང་པོར་འདྲ་བ་དང་།།
ཐེངས་རེར་བསམ་ན་ཐུང་དུ་མཐོང་བ་ཡི།།
མི་ཚེའི་སྣང་བརྙན་བློ་ལ་དྲན་ཐེངས་རེར།།
འཇིག་རྟེན་འཁོར་བ་འདི་ལ་ཡ་རེ་མཚར།།
།
རྒན་པའི་ཚོགས་རྣམས་ཕྱི་མའི་ལམ་དུ་ཆས།།
ཆུང་གྲོགས་མང་པོ་བུ་ཕྲུག་བདག་པོར་གྱུར།།
མཐོང་མྱོང་མེད་པའི་བྱིས་པ་མང་པོས་སྐོར།།
ཡུལ་ལུང་ཕལ་ཆེར་རྣམ་པ་གཞན་དུ་བསྒྱུར།།
།
རང་ཡུལ་དྲན་པའི་གླུ་དབྱངས་ཐོར་བུ་འདི།།
བགྲང་བྱ་ཉི་ཤུར་མིག་གིས་མ་མཐོང་ཞིང་།།
དྲན་པའི་གཞུ་མོར་རྒྱུན་དུ་བཅུཊ་པ་ཡིས།།
རྨི་ལམ་ཞིང་གི་ལྟད་མོ་ཡི་གེར་བསྡེམས།།
།
བསམ་ཚུལ་ཕྲིས།