ལོ་སར་ལ་ཕུལ་བའི་སེམས་གཏམ་དགུ་ཚིག་མ།
རྩོམ་ཡིག་འདི་ཐེངས། 335 བཀླགས་འདུག
།
དང་པོ། ནང་མི་ལྷན་འཛོམས་ངང་སེམས་གཏམ་གླེང་བ་ནི་བདེ་སྐྱིད་ཡིན་པ་ཤེས་པར་གནང་།།
གཉིས་པ། ཟས་རིགས་འཕྲོ་བརླགས་མ་བཏང་བར་ངལ་རྩོལ་མི་མང་གི་བཀའ་དྲིན་ཡིད་ལ་དྲན་པར་གནང་།།
གསུམ་པ། འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་རྫས་འགྱུར་གྱི་ཟས་རིགས་མཆོད་རྒྱུ་ཉུང་ཉུང་གནང་།།
བཞི་པ། ཁོར་ཡུག་ལ་གནོད་འཚེ་ཆེ་བའི་རྫས་ངན་ཤོག་སྦག་རིགས་མ་སྤར་རོགས།།
ལྔ་པ། རྒྱན་གོས་ཀྱིས་ལུས་སེམས་དྲོད་སྐྱིད་བསུ་བ་ལས་གཞན་ལ་ཕྲག་དོག་མ་གནང་རོགས།།
དྲུག་པ། ཕན་ཚུན་ཐུགས་བརྩེ་བ་ཆེན་པོས་འཚམས་འདྲི་ཞུ་བ་ལས་ཐུགས་སུན་མ་བཟོ་རོགས།།
བདུན་པ། གཞན་གྱི་འདོད་མོས་ལ་མ་བསྟུན་པར་ཨུ་ཚུགས་ཀྱིས་ཆང་རག་མ་བླུད་རོགས།།
བརྒྱད་པ། ཤོ་སྦག་རྒྱན་འཛུག་བྱས་ཏེ་ཕན་ཚུན་དབར་དཔལ་འབྱོར་འཕྲོག་རེས་མ་གནང་རོགས།།
དགུ་པ། ལོ་རྙིང་གི་གྲུབ་འབྲས་གླེང་བཞིན་ལོ་གསར་གྱི་འཆར་གཞི་མ་བརླགས་རོགས།
།
བསམ་ཚུལ་ཕྲིས།