གཡང་འབོད་འདོད་འབྱུང་ནོར་བུ།

རྩོམ་ཡིག་འདི་ཐེངས། 704104 བཀླགས་འདུག

Sherab-Chamma

བྱམས་མའི་གཡང་འབོད་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས།

Calling in Prosperity with the Wish Granting Jewel (Sherab Chamma)

/

དབྱིངས་ཉིད་སྤྲོས་བྲལ་ནམ་མཁའི་དཀྱིལ་འཁོར་ནས། །རྒྱལ་ཡུམ་བྱམས་ཆེན་ལྷ་མོ་གཙོ་འཁོར་བཅས། །
དེ་རིང་འགྲོ་ལ་ལེགས་པའི་ཕྱྭ་གཡང་ཉིད། །འབེབས་ཕྱིར་བྱོན་ལ་དགྱེས་བཞུགས་བྱིན་ཆེན་ཕོབས། །

From one’s own unconditioned nature, the mandala of space,

Victorious Mother, goddess of great kindness, Sherab Chamma together with your retinue,

So that blessings of great auspicious prosperity may rain down on sentient beings today,

Please appear, stay happily, and let great blessings fall.

/

མཁྱེན་རབ་གཏེར་གྱི་རི་དབང་སྤོ་མཐོན་རྩེར། །བླ་མེད་ཐེག་མཛོད་ཡོངས་འདུས་དབང་པོ་ཡིས། །
བསྟན་འགྲོར་དཔལ་སྦྱིན་མཚན་ལྡན་བླ་མའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

On top of the highest pinnacle of the treasure wisdom mountain,

Through the unsurpassable treasure vehicle, the wish granting tree,

Giving glory the to teachings and sentient beings, this is the prosperity of the qualified master.

Today, victorious mother Sherab Chamma of great kindness, bless us with prosperity.

/

མི་འཇིགས་ནོར་འཛིན་ལྟོ་བ་རབ་ཡངས་ལས། །ཚུལ་གསུམ་གྱིས་སྨིན་ཆུ་སྐྱེས་གསལ་བའི་ཚལ། །
དགེ་བཅུའི་དྲི་བསུང་འཐུལ་བ་སློབ་བུའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

From the center of incredibly vast space, the fearless treasure holding earth,

Like the lotus blossoming in a verdant garden because of the three aspects,

And inhaling the beautiful fragrance of the ten virtues, this is the prosperity of the students.

Today, victorious mother Sherab Chamma of great kindness, bless us with prosperity.

/

ཟབ་ཞི་སྤྲོས་བྲལ་བདེ་ཆེན་ནམ་མཁའ་ལས། །བདེན་གཉིས་མཛད་མདོ་ལུང་གི་ཆར་ཆེན་གྱིས། །
སྨིན་གྲོལ་སྙེ་མ་འཛུམ་པ་བོན་གྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

From the deep, peaceful, unconditioned great bliss of space,

By the rain of the transmission of the teachings of the two truths,

The grain of liberation ripens, this is the prosperity of the Bon.

Today, victorious mother Sherab Chamma of great kindness, bless us with prosperity.

/

སྡེ་སྣོད་རྒྱ་མཚོར་བསྙེམས་པའི་ལང་ཚོ་རྒྱས། །བསླབ་གསུམ་རྒྱན་སྤྲས་རིས་གྲོལ་མཚོན་རྣོ་ཞིང་། །
མཁས་བཙུན་བཟང་གསུམ་འཛོམས་པ་འདུས་སྡེའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

With strong pride in the ocean of teachings,

Adorned with the three trainings, sharp weapons of visual liberation, and

Being learned, taking vows, and demonstrating good behavior, this is the prosperity of the community of monastic practitioners.

Today, victorious mother Sherab Chamma of great kindness, bless us with prosperity.

/

རིས་མེད་གྲུབ་མཐའ་ཡོངས་བཀྲ་གླིང་བཞིའི་དབུས། །རྣམ་དག་ཧོས་སྒོ་བརྒྱད་ཁྲིའི་བ་གམ་རྩེར། །
གྲགས་སྙན་བ་དན་གཡོ་བ་བསྟན་པའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

All of the non-sectarian doctrines, the center of the beautiful four continents,

The door of authentic Bon, the tops of 80,000 towers

With victorious banners waving, this is the prosperity of the reputable teachings.

Today, victorious mother Sherab Chamma of great kindness, bless us with prosperity.

/

དུས་གསུམ་རྒྱལ་བའི་འཕྲིན་ལས་ནོར་བུའི་གཡང་། །སྒོ་གསུམ་དད་བརྒྱས་རྒྱལ་མཚན་རྩེར་མཆོད་པའི། །
སྣོད་གསུམ་སྟོབས་འབྱོར་གདུལ་བྱ་ཡོན་བདག་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

The jewel of prosperity, victorious activities of the three times,

Making offerings of the three qualities of the sense organs from atop 100 victory banners

With faith in the three doors, this is the prosperity of the strong and wealthy disciples and patrons.

Today, victorious mother Sherab Chamma of great kindness, bless us with prosperity.

/

གཙང་མཛེས་དལ་འབྱོར་རྟེན་གྱི་ཞིང་ས་ལ། །རྣམ་དཀར་ཚོགས་ཀྱི་ས་བོན་ཡོངས་སྨིན་ནས། །
བདེ་སྐྱིད་ལོ་འབྲས་ལེགས་པ་ཡུལ་གྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

In the pure and beautiful field of the 18 qualities of freedom and wellness of human life,

Once the seeds of virtuous accumulation have all ripened

There is a joyful harvest, this is the prosperity of the beautiful land.

Today, victorious mother Sherab Chamma of great kindness, bless us with prosperity.

/

མི་མཐུན་ཆུ་འཛིན་རྒྱ་ལས་རྣམ་གྲོལ་ཞིང་། །ཚེ་བསོད་གཟི་བརྗིད་ཉི་ཟླའི་འོད་འབར་ནས། །
དབང་ཐང་མི་ནུབ་དགུང་དུ་ཤར་བའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

Complete liberation from a vast cloud of discord by

The glorious light of life and fortune shining from the sun and moon,

Remaining strong without setting, this is the prosperity of light in the sky.

Today, victorious mother Sherab Chamma of great kindness, bless us with prosperity.

/

འཆི་མེད་བཅུད་ལྡན་ཟིལ་དངར་དཔག་བསམ་ཤིང་། །དགོས་འདོད་གཏེར་འབྱུང་ལྷ་ཀླུའི་ནོར་བུ་དང་། །
ཕུན་ཚོགས་སྡེ་བཞིའི་དཔལ་འཛོམས་ཕྱྭ་དང་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

The sweetness of the wish granting tree endowed with deathless essence,

The jewel of the gods and nagas granting treasure, desires, and wishes, and

The accumulated glory of the 4 abundances**, this is the auspicious prosperity.

Today, victorious mother Sherab Chamma of great kindness, bless us with prosperity.

/

བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་དང་། །གསེར་དངུལ་ནས་འབྲས་དར་ཟབ་གཡུ་བྱུར་སོགས། །
ནོར་ཟས་གོས་བརྒྱན་ལོངས་སྤྱོད་གཏེར་གྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

The 8 auspicious symbols, the 7 precious jewels, and

Gold, silver, wheat, rice, cloth, turquoise, coral, and so on.

Goods, food, and ornaments, this is the prosperity of the enjoyment of wealth.

Today, victorious mother Sherab Chamma of great kindness, bless us with prosperity.

/

རྣམ་དག་ཁང་བཟང་དགོན་གནས་གྲྭ་སྡེ་གྲོང་། །སྦྲ་གུར་ཡུལ་ཞིང་མི་ནོར་འཁོར་དང་བཅས། །
གླིང་བཞི་སྲིད་པའི་ཕུན་ཚོགས་དཔལ་གྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

Completely pure temples, monasteries, towns,

Tents, land, farms, people, animals, along with their retinues,

This is the prosperity of the four abundant continents of the universe.

Today, victorious mother Sherab Chamma of great kindness, bless us with prosperity.

/

དེང་ནས་བཟུང་སྟེ་ཚེ་རབས་པདྨའི་འཕྲེང་། །རྒྱལ་ཡུམ་བྱམས་ཆེན་ལྷ་མོས་རྗེས་བཟུང་ཞིང་། །
ཟབ་རྒྱས་བདུད་རྩིས་འགྲོ་ཀུན་འཚོ་བའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

From now on, successive lifetimes will be like a mala of lotuses.

Victorious mother, goddess of great kindness, please accept them.

This profound and expansive nectar is the prosperity of the lives of all sentient beings.

Today, victorious mother Sherab Chamma of great kindness, bless us with prosperity.

/

ཀུན་གཞི་སྟོང་གསལ་རིག་པའི་མེ་ལོང་ངོར། །འགག་མེད་བོན་ཀུན་སྣང་བའི་གཟུགས་བརྙན་ཚོགས། །
འཆར་བའི་སྣང་སྟོང་ཟུང་དུ་འཇུག་པའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

In the mirror of awareness, the emptiness and clarity of the base,

Are a multitude of reflected appearances of all unobstructed phenomenon,

Reflections of empty appearances, this is the prosperity of the unified view.

Today, victorious mother Sherab Chamma of great kindness, bless us with prosperity.

/

སྤྲོས་བྲལ་མཁའ་ལ་འོད་ལྔའི་ཉི་ཟླ་ཤར། །ཞི་བའི་གཏེར་འཆང་ཟག་མེད་སྣང་སྲིད་རྒྱན། །
བྱེ་བ་ཕྲག་བརྒྱ་གཟིབརྗིད་སྐུ་ཡི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

The five lights of the sun & moon arising in space free from constructs,

The inexhaustible universe holding treasures of peace, ornamented

With 100 million radiant lights, this is the prosperity of the body.

Today, victorious mother Sherab Chamma of great kindness, bless us with prosperity.

/

མགུར་བུམ་ལས་ཐོན་རྣམ་དག་བདུད་རྩིའི་རྒྱུན། འགྲོ་བའི་དཔལ་གྱུར་གཅོང་བརྒྱད་ཚངས་དབྱངས་འབུམ། །
སྒྲ་ཆེན་བསྒྲགས་པ་འགག་མེད་གསུང་གི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

From the vase of the throat comes a stream of pure nectar

Glorifying all sentient beings with one hundred thousand voices of Brahma

Making a great sound in the 8 melodies, this is the prosperity of unceasing speech.

Today, victorious mother Sherab Chamma of great kindness, bless us with prosperity.

/

རྣམ་དག་ཐུགས་ཉིད་ཡེ་ཤེས་ཟླ་བ་རྒྱས། །སྒྲིབ་མེད་བརྒྱད་ཁྲི་མཁྱེན་པའི་སྐར་ཚོགས་བཀྲ། །
བསླུ་མེད་བདེན་པ་དཔེའུ་རྩེ་ཐུགས་ཀྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

The completely pure nature of mind, the waxing wisdom moon,

80,000 galaxies of unobstructed knowledge spread across the sky,

This is the prosperity of the infallibly true perfection of the mind.

Today, victorious mother Sherab Chamma of great kindness, bless us with prosperity.

/

ཡོན་ཏན་རྒྱ་མཚོར་ལྷུན་གྲུབ་རི་རབ་བརྟན། །མི་ལྡོག་ལྗོན་ཤིང་སྨོན་ལམ་འབྲས་བུ་སྨིན། །
སྲིད་གསུམ་དཔལ་གྱི་གཏེར་གྱུར་ཡོན་ཏན་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

An ocean of spontaneous qualities, solid Mt. Meru,

An unchanging tree, the fruit of wishes ripening

Into the glorious treasures of the 3 universes, this is the prosperity of the qualities.

Today, victorious mother Sherab Chamma of great kindness, bless us with prosperity.

/

ཞི་རྒྱས་དབང་དྲག་མཛད་པའི་འཕྲིན་ལས་གང་། །གར་བསྐོར་ཐོག་མེད་འདམ་གྱི་ཕུར་བ་བཞིན། །
ཇི་ལྟ་ཇི་སྙེད་གྲུབ་པའི་འཕྲིན་ལས་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

Performing the 4 actions (pacifying, increasing, empowering, dominating), which

Turn unobstructed like stakes sunk into sand,

Nature and extent, this is the prosperity of accomplishing actions.

Today, victorious mother Sherab Chamma of great kindness, bless us with prosperity.

/

མཐར་ཐུག་ཡེ་ཤེས་རིག་འབྱུང་བདེ་ཆེན་ཀློང་། །ལམ་ལྔ་ས་བཅུའི་ཡོན་ཏན་རབ་རྫོགས་ཤིང་། །
སྐུ་དང་ཡེ་ཤེས་དངོས་གྲུབ་ཉག་གཅིག་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མས་གཡང་དུ་བསྩོལ། །

Absolute wisdom, the source of mind, the vastness of great bliss,

The five paths, the qualities of the completely perfected 10 stages, and

The blessings of body and wisdom, this is the prosperity of the single view.

Today, victorious mother Sherab Chamma of great kindness, bless us with prosperity.

/

དེ་ལྟར་འདོད་དགུའི་ཕྱྭ་གཡང་མ་ལུས་པ། །དེ་རིང་རྒྱལ་ཡུམ་བྱམས་མས་མྱུར་བསྡུས་ནས། །
དེ་བཞིན་སྒྲུབ་སྩོལ་འཁོར་བའི་གནས་གསུམ་དང་། །དེ་རིང་ཡོན་བདག་གཡང་ཆའི་རྟེན་ལ་བསྟིམས། །

These wishes for countless auspicious prosperities

Are quickly gathered by the victorious mother today.

Thus, she accomplishes the blessing of the three objects and

Today she calls forth the supporting objects of prosperity for us practitioners.

/

བསྐལ་བཟང་འགྲོ་བའི་བསོད་ནམས་ལས་འཁྲུངས་པའི། །བསྐལ་མང་འབྱོར་བ་ཕུན་ཚོགས་འདུས་པའི་གཡང་། །
སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས། །བསྐལ་འདི་སྦྱིན་པའི་ལང་ཚོ་རྒྱས་པར་ཤོག །

From the prosperous era arising from the fortune of sentient beings come

These many portions of abundant gathered prosperity which we receive,

Given into the hands of we fortunate ones.

May these portions give us ever increasing strength.

/

རྨད་བྱུང་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །རྗེ་བཙུན་བྱམས་མའི་ཐུགས་རྗེའི་མཐུ་སྟོབས་ཀྱིས། །
ཇི་ལྟར་སྨོན་བཞིན་འགྲུབ་ཅིང་དུས་ནམ་དུ། །གཏེར་གྱི་བདག་བཞིས་ཁྱོད་ལ་སྲུང་འགྱུར་ཅིག །

The blessings of all of the marvelous enlightened beings and boddhisattvas,

Through their venerable powers of compassion and kindness,

Please help us accomplish all of our wishes at all times,

Please always protect us with your treasures.

/

བཀྲ་ཤིས་ཕྱྭ་གཡང་གཏད་པའི་ཡོན་ཏན་གྱིས། །བཀྲ་ཤིས་སྟོབས་འབྱོར་པད་ཚལ་རྒྱས་པའི་དབུས། །

བཀྲ་ཤིས་བདེ་སྐྱིད་ཉི་མ་འབུམ་ཤར་ནས། །བཀྲ་ཤིས་ནོར་བུའི་དཔལ་ལ་སྤྱོད་འགྱུར་ཅིག །

By your gift of auspicious and abundant power,

Auspicious accomplishments in the center of the flourishing lotus garden,

Auspicious happiness and bliss as from 100,000 suns

May we wield the auspicious jewel of glory.

/

ཡིག་སྒྱུར་བ། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ་དང་ཨན་ཏ་ར།

This prayer was translated by Chaphur Rinpoche and Anne Tara.

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *