བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར།
རྩོམ་ཡིག་འདི་ཐེངས། 507 བཀླགས་འདུག
གཡུང་དྲུང་བོན་གྱི་ཐུན་མིན་ཐ་སྙད་རིགས་རྒྱའི་སྐད་ཡིག་ཏུ་བསྒྱུར་བའི་ཚོགས་ཆུང་འདི་ད་ལོ་བར་ཐེ ངས་དྲུག་ལ་འཚོགས་ཤིང་། ཚོགས་ཐེངས་གསུམ་པ་ནས་བཟུང་«གཡུང་དྲུ ང་བོན་མཉམ་འབྲེལ་ལྷན་ཚོགས»ཀྱིས་ སྤྱིའི་བཀོད་སྒྲིག་འོག་ལོ་ལྟར་འདི་བཞིན་འཚོགས་རྒྱུར་གཏན་འཁེལ་གནང་། ད་ལོ་ཡང་གཡུང་དྲུང་བོན་མཉམ་འབྲེ ལ་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་ ཤེས་རབ་གཡུང་དྲུང་དབང་རྒྱལ་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོ གས་ཀྱི་ཚོགས་གཞོན་ཉག་སྤྲུལ་བསོ ད་ནམས་རྒྱ་མཚོ་ལགས་རྣམ་པ་གཉིས་ ཀྱིས་དབུ་ཁྲིད་འོག་སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༡༢ པའི་ཚེ ས་ ༢༥ ནས་ཚེས ༢༩ བར་ཉིན་ལྔའི་རི ང་སི་ཁྲོན་ཁྲིན་ཏུའུའི་གྲོང་ཁྱེར་ དུ་«བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས» ཐེངས་དྲུག་པ་དངོས་སུ་འཚོགས་ཡོད། མཁྱེན་གསལ་ལྟར་ད་ ལྟའི་དུས་རབས་འདི་དང་། ཡང་ན་དེང་སང་གི་སྤྱི་ཚོགས་འདི་ ལ་རྒྱལ་བསྟན་རིན་པོ་ཆེ་བརྗོད་བྱ ་གཙོ་བོ་ཡིན་པའི་ཞང་བོད་ཀྱི་རི ག་གནས་གང་ཞིག་འཛམ་བུ་གླིང་གི་མི་རིགས་ཀུན་གྱིས་ལོངས་སུ་སྤྱོད་དགོ ས་ན་མི་རིགས་གཞན་པའི་སྐད་ཡིག་བེད་སྤྱད་དེ་འགྲེལ་སྤེལ་བྱས་ན་སྟབས་བདེ་ཞིང་ཁྱབ་རྒྱ་ཡང་ཤིན་ཏུ ་ཆེན་པོ་ཡིན་པར་བཤད་མ་དགོས་ལ། དེ་ལས་ཀྱང་རྒྱ་ཡིག་དང་དབྱིན་ཡི ག་ལྟ་བུའི་ལམ་ནས་རང་བསྟན་འདི་མི ་རིགས་དེ་དག་ལ་ངོ་སྤྲོད་ཅིག་བྱ་ ཐུབ་ན་དགེ་མཚན་ཆེ་ལ་གནས་ལུགས་ དང་མཐུན་པ་ཞིག་ཡིན་པའི་མ་ཚད། སྐད་རིགས་དེ་དག་གི་ལམ་ནས་འགྲེམས་ སྤེལ་ཁྱབ་བསྒྲགས་ཞུ་བར་ངེས་ པར་དུ་མ་མཐའི་ཆ་རྐྱེན་ཨང་དང་པོ་ནི་རང་གཞུང་དང་རང་གི་རིག་ གནས་གང་ཡིན་ཡང་དེའི་ཐ་སྙད་མི་རི གས་སུ་དང་གང་གི་སྐད་ཡིག་ཐོག་ཏུ་ བཀོད་ཚེ་གཅིག་གྱུར་གྱི་ཐ་སྙད་ཅི ག་ཡོད་དགོས་པ་དང་། གལ་ཏེ་བོན་གྱི་ཐ་སྙད་གང་ཞིག་གཅི ག་གྱུར་གྱི་ལམ་ནས་འབྲི་ཚུལ་གྱི་ ལམ་ཁ་བརྟན་འཇགས་ཤིག་བཟོ་མ་ཐུབ་ པར་རང་རང་སོ་སོའི་ཞལ་ལ་གང་ཡོང་དང་། སེམས་ལ་གང་དྲན་ལྟ་བུའི་ལམ་ནས་བོན་གྱི་ཐ་སྙད་མང་པོ་མི་རིགས་གཞན་ གྱི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་ གནང་ན་ཕན་པ་ལས་གནོད་པ་ཆེ་བ་ དང་། དགེ་མཚན་ལས་ཞན་ཆ་ཆེ་བ་སོགས་ཀྱི་ རྒྱུ་རྐྱེན་མང་པོ་ཞིག་གིས་རྐྱེན་བྱས་ཏེ་འདི་འདྲའི་སྒྲིག་འཛུགས་ཞིག་གསར་ དུ་བཙུགས་ཤིང་། ད་ཆར་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོན་གྱི་བླ་སྤྲུལ་སོགས་ལོ་ཙཱ་བ་མང་པོ་ཞིག་མཉམ་དུ ་བསྡུས་ཏེ་ད་ཕན་བོན་གྱི་ཐ་སྙད་ དང་འདོན་ཆོག་སྐོར་མང་ཙམ་ཞིག་རྒྱ འི་སྐད་ཡིག་ཐོག་ཏུ་ཕབ་བསྒྱུར་བྱ ས་དང་བྱེད་ཀྱིན་ཡོད་པའི་གྲུབ་ འབྲས་གཡུར་དུ་ཟ་བ་ཞིག་སྨིན་ཡོད་པ་བཤད་མ་དགོས་པ་ཟུར་བལྟ ས་ལེབ་མཐོང་ཞིག་དང་། བསྟན་མི་དགོས་པར་མཐོང་དུ་ཡོད་པ་ ཞིག་ཀྱང་ཡིན་པ་དང་། བོན་ལ་ཤ་ཞེན་ཆེ་ཞིང་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེར་བརྩི ་བཀུར་མཐོ་བའི་བོན་གྱི་ཤེས་ལྡན་ མི་སྣ་མང་པོས་ལོ་ལྟར་འདི་འདྲའི་རླབས་ཆེན་གྱི་ཚོགས་འདུའི་རྒྱུན་མུ་ མཐུད་ནས་བསྐྱངས་དང་སྐྱོང་བཞིན་ ཡོད་པའི་གནས་ཚུལ་ཐུང་ངུ་འདི་སྐད་སྒྱུར་ཚོགས་པས་ཧི་ མ་ལ་ཡའི་བོན་དྲ་བ་རུ་བཀོད་པ་ལས་ཅུང་མདོ་རུ་བསྡུས་པ་ཞིག་འདིར་བཀོད་པའོ། །
བསམ་ཚུལ་ཕྲིས།