ཞང་ཞུང་རིག་གནས་ཞིབ་འཇུག་སྐོར་གྱི་ཚོགས་འདུ་སྐབས་གཉིས་པ།

རྩོམ་ཡིག་འདི་ཐེངས། 461 བཀླགས་འདུག

 འདི་ལོའི་IMG_9271ཟླ་ ༡༢ ཚེས་༢༠ ཉིན་གྱི་སྔ་དྲོ་ནས་དབུ་བཙུགས་ཏེ་བོད་ལྗོངས་ཞང་ཞུང་རིག་གནས་ཞིབ་གྲོས་ཚོགས་འདུ་སྐབས་གཉིས་པ་ལྷ་ས་གྲོང་ཁྱེར་དུ་འཚོགས་འགོ་བརྩམས་ཤིང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པ་མང་པོ་མཉམ་གཅིག་ཏུ་འཛོམས་ཏེ་ཞང་ཞུང་རིག་གནས་སྐོར་གྲོས་བསྡུར་གནང་བ་རེད།


ལྷ་སའི་གྲོང་ཨུ་ཧྲུའུ་ཅི་ཆེ་དགྲ་ལྷ་ཡིས་“གནའ་རྫས་དཔྱད་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་རིགས་དཀོན་པའི་དབང་གིས་ད་ལྟའི་བར་ལོ་ ༣༥༠༠ ནས་ལོ་ ༣༧༠༠ ཡོད་པའི་ཆོས་གོང་གནའ་ཤུལ་ནས་བོད་བཙན་པོའི་རྒྱལ་རབས་བར་སྐབས་ཀྱི་ལོ་རྒྱུས་ནི་དུས་ཡུན་རིང་པོ་སྟོང་པར་ལུས་བསྡད་ཡོད།” ཞང་ཞུང་གི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་པོ་བྱེད་པར་བརྟེན་ནས་ལྷ་ས་ཡི་དུས་ཡུན་རིང་པོ་ལོ་ངོ་ ༢༠༠༠ ལྷག་རིང་གི་ལོ་རྒྱུས་སྟོང་པ་ཁ་སྐོང་བྱེད་པར་ཕན་པ་བྱུང་བ་མ་ཟད། ལྷ་སའི་ལོ་རྒྱུས་རྒྱུན་མཐུད་ནར་འགྱངས་གཏོང་བ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པར་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་པོ་ལྡན་པ་རེད་ཅེས་གསུངས་པ་རེད།


IMG_9272དགྲ་ལྷ་ཡིས་ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་ཚོས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་། རིག་གཞུང་དར་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་སྤེལ། རིག་གཞུང་གྲུབ་འབྲས་ལོངས་སུ་མཉམ་སྤྱོད་བཅས་བྱས་ཏེ་བོད་ཀྱི་ཞང་ཞུང་རིག་གནས་ཞིབ་འཇུག་ལས་དོན་མཐོ་ཚད་གསར་པ་ཞིག་སྐུལ་སྤེལ་གཏོང་དགོས་པའི་རེ་བ་བཏོན་གནང་བ་རེད། ཅེས་སོགས་མི་དམངས་དྲ་ངོས་སུ་བཀོད་འདུག་ལ། སྐབས་དང་པོའི་ཞང་ཞུང་རིག་གནས་འཚོགས་ཆེན་ནི་ ༢༠༡༥ ལོའི་ཟླ་ ༡ པོའི་ཚེས་ ༢༤ དང་༢༥ཉིན་གཉིས་རིང་ལྷ་ས་གྲོང་ཁྱེར་དུ་འཚོགས་ཡོད་པ་རེད།

གནས་ཚུལ་རྒྱས་པ་ཧི་མ་ལ་ཡི་བོན་དྲ་བ་རུ་བཀོད་འདུག་པས་འདིར་ནོན་ཏེ་གཟིགས་རོགས། ཧི་མ་ལ་ཡིའི་བོན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *