དུར་ས་སློག་པ།
རྩོམ་ཡིག་འདི་ཐེངས། 908 བཀླགས་འདུག
ཅོག་ཙེའི་སྒང་ནས་ཤེལ་ཕོར་ལྐོག་ཤོམ་འཐེན། །
ཐང་ཚང་ནང་ནས་གནས་མོས་ངག་གྱལ་འཆད། །
འཚོ་གནས་བྲག་ལ་བསྐོས་པའི་རི་ཁ་ནས། །
རྟ་ཕོ་གསེར་སྒ་ཅན་དེ་གང་དུ་འདྲོགས། །
།
རྨི་ལམ་ནང་ནས་ཆུང་མས་བརྩེ་གླུ་འགུགས། །
ཁྱོ་གའི་པང་ནས་བྱིས་པས་མཚར་ཉམས་སྟོན། །
རྐྱང་དམར་རི་ལ་བྲོས་པའི་བྱང་ཐང་ནས།
མེས་པོ་བློ་ཁོག་ཅན་ཚོ་གང་དུ་གཤེགས། །
།
ས་རྡུལ་ཁྲོད་ནས་ཨ་ཕའི་དུར་བྱང་རྙེད། །
གཙང་འགྲམ་གན་ནས་རླུང་རྟའི་དར་ཤིང་ཆག །
ཡིག་ཚང་མིག་ཆུས་བརླན་པའི་འཁོར་བ་ནས། །
བགྲེས་པོ་དར་གཤོག་ཅན་དེ་ནམ་ཡོང་བསམ། །
།
བྱང་འབྲོག་མཚམས་ནས་འབྲོང་རུས་ས་ལ་ཐིམ། །
ས་མཐོའི་སྒང་ནས་ཡུག་མོས་སྨྲེང་གླུ་གྱེར། །
འཚོ་གཞིས་ཧོབ་ཀྱིས་གཏོར་བའི་བྱེ་ཐང་ནས། །
ཕ་ཁུ་རལ་བ་ཅན་པོའི་དཔུང་ཤུགས་དྲན། །
།
༢༠༡༥།༡༢།༡༠ཉིན།
།
བསམ་ཚུལ་ཕྲིས།