ཡིད་ལས་སྐྱེས་ཀྱི་སྡུག་བསྔལ།
རྩོམ་ཡིག་འདི་ཐེངས། 466 བཀླགས་འདུག
མི་ཡི་ཚོགས་ཀྱིས་ཅི་ཞིག་བཤད་དེ་ནམ་མཁའ་ལགས།།
བདེ་བའི་ཆར་ཟིམ་ཡུལ་ཕྱོགས་གང་ནས་ཐུར་དུ་འབབ།།
སྐར་ཕྲན་རེ་དང་མིག་ཟུང་སོ་སོའི་ཉི་འོད་ཀྱིས།།
ཨ་ཐང་ཆད་པའི་ལོ་ཟླ་ག་ཙམ་སྡུག་གིས་བཏེགས།།
ངུ་ཞོར་དགོད་ཞོར་གྲིབ་མའི་རྟ་ཁྱུ་ཕན་ཚུན་བར།།
སེམས་ཅན་མཐའ་དག་རྒྱང་གི་མཚོ་ལ་ཆས་སོང་ཟེར།།
།
རྐང་རྗེས་རེ་ནི་ཁྱོད་ལ་བཅིངས་བའི་འདང་བརྩེ་ཞེས།།
གཅིག་འཕྲོར་གཉིས་མཐུད་འཆི་ཁར་ཨ་ཕྱིས་བསམ་པ་སྟོན།།
ན་ཆུང་སྐབས་ཤིག་ངས་ཀྱང་མཚན་མོའི་རྨི་ལམ་ངོགས།།
འཇིག་རྟེན་ཁམས་སུ་འདུ་འབྲལ་འཛའ་གཞས་སྤུར་བ་མཐོང་།།
དགུན་གྱི་རི་བོའི་ཁེར་སྡུག་ལྟ་བུའི་འགྲོ་མཚམས་ཡང་།།
སྨྲེང་སྐྱོས་མནར་ནས་ཚེ་ཡི་མེ་ཏོག་རྙིང་ཚུལ་འདྲ།།
།
འདས་སོང་ཟེར་ནས་སྤྲིན་པ་འཚོ་བའི་བྱིས་དུས་ཤིག།
ཅི་ཆ་མེད་པར་སྐྱེ་འགྲོ་ཀུན་གྱི་ཡིད་ལ་སིམ།།
ཕྱི་མའི་ལམ་སྣེར་སུ་ཞིག་ཐོན་རྗེས་གཞན་ཞིག་ཡོང་།།
དབྱར་དགུན་སྟོན་དཔྱིད་བར་དོའི་ཁམས་སུ་ཅི་ལྟར་ཚེས།།
འཁྱམས་ཤིང་ངུས་ཏེ་ཚེར་མའི་ལམ་འདི་བརྒྱུད་ཅིང་འགྲོ།།
སྡུག་གི་རི་མོའི་སྐྱ་ཡ་ཉག་གཅིག་འུ་ཚོ་རེད།།
།
བསམ་ཚུལ་ཕྲིས།