པིར་བའི་རང་མོས་ཚན་པ་ལྔ།
རྩོམ་ཡིག་འདི་ཐེངས། 466 བཀླགས་འདུག
།
ཁ་བའི་རང་བཞིན།
།
ཁ་བ་བབས་རྗེས
ཕ་ཡུལ་གྱི་ངོ་གདོང་ཁ་བ་བཞིན་དུ་དཀར
ཡུལ་མི་དག་གིས་མིག་ཟུང་ཁ་བར་འཐུམས་ནས
གནའ་མིའི་ངག་རྒྱུན་གྱི་ལྷ་སྒྲུང་ཆག་རོ་དེ
ཧ་ཅང་དད་སེམས་ཀྱིས
ཡང་ན་སྤྲོ་སྣང་དང་བཅས་ཏེ
ཁོ་བོར་ཁ་བའི་རང་བཞིན་བསྒྲགས
ཁ་བ་ནི་མ་གཞི་ནས་དཀར་པོ་ཡིན་ཟེར
༢༠༡༥།༣།༢༥
།
སྟོང་བསམ།
།
གལ་སྲིད་ང་རང་གཤོག་པ་ཐོག་པའི་བྱེའུ་ཞིག་ཡིན་ན
ཐག་རིང་ཐག་རིང་ཞིག་ལ་འཕུར་འདོད་ལ
ཧ་ཅང་ལྷིང་འཇགས་དང་
བདེ་སྐྱིད་ཀྱིས་ཁང་ཆུང་ཞིག་ཕུབ་ནས
ཆང་དམ་གང་རེ་འཐུང་བཞིན
གཉིད་དུ་ལོག་སྲིད
༢༠༡༥།༤།༢༦
།
ལམ་ཀྱོག
།
གློ་རྡེག་ཏུ་རྨི་ལམ་ལས་སད་དུས
མིག་མདུན་དུ་མུན་པ་འཚུབས་ཀྱིན་འདུག
ང་རང་ཚོད་ཚོད་དུ
འཕག་འཚག་བྱེད་སྟངས་དེས
མལ་ཁྲི་རལ་བོ་དེ་ལས་ཙག་སྒྲ་བཙན་པོ་ཞིག
རྦབ་ཆུ་བཞིན་འཕྱུར་སོང་བས
གཡས་གཡོན་གྱི་རི་སྤྱང་འགའ་སུན་པོ་བཟོས་སོང་བ་འདྲ
༢༠༡༥།༤།༢༩
།
སྲང་མདོ།
།
ས་རུབ་ཁར
མི་ཚོགས་དག་རང་རང་སར་བུད་སོང
འཁར་རྒྱུག་ཐོག་པའི་མུ་ཏོ་བ་ཞིག་གིས
ང་ལ་འཛུམ་འཛུམ་ཙམ་བྱས་ནའང་
རེ་ཞིག་གིས་ཁོ་ཡང་རྒྱང་དུ་འཐོར
རླུང་བུ་ལྡང་བྱུང་ ས་རུབ་སོང
ང་རང་སྲང་མདོའི་ལམ་སྒྲོན་དེས་ཉེ་སར་བཅར་ཏེ
ལས་དབང་ལ་འཁར་ར་བྱས
༢༠༡༥།༥།༡༡
།
གཞོན་པ།
།
ལང་ཚོ་མཁའ་དབྱིངས་ལ་དཀྲིས་ཤིང
དེ་ལ་འཇའ་ཚོན་སྣ་མང་གིས་མཛེས་པར་བྱས
མཐའ་རྒྱན་དུ ཚེ་སྲོག་གི་ཐིག་ལེ
ང་རྒྱལ་གྱི་རལ་གྲི
ཚིག་གི་ང་རོ་སོགས་ཀྱིས་མཚོན
སྐད་ཆའི་ཚབ་བྱེད་མི་ནུས་པས
རོལ་དབྱངས་མངར་མོ་མངར་མོ་ཞིག
ཞོ་ལྟར་འཆགས
།
༢༠༡༥/༥/༣
བསམ་ཚུལ་ཕྲིས།