གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དེབ་གཟུགས་སུ་བསྐྲུན་པ།

རྩོམ་ཡིག་འདི་ཐེངས། 1079 བཀླགས་འདུག

IMG_7843ཧོར་ཡུལ་སྦྲ་ཆེན་རྫོང་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་གི་བླ་མ་མཆོག་སྤྲུལ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༢༠༡༠ ལོ་ནས་དབུ་བརྩམས་ཏེ་བགྲང་བྱ་ལྔའི་རིང་ལ་རྒྱུ་དངོས་འགྲོ་སོང་རླབས་ཆེན་བཏང་བའི་ཕྱག་རྗེས་སུ་༧སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་སུ་པར་བསྐྲུན་ལེགས་པར་གྲུབ། བཀའ་འགྱུར་དེབ་དང་པོ་⟪གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་⟫ སྤྱི་ལོ་ ༢༠༡༥ ལོའི་ཟླ་ ༩ པར་༧དཔལ་ཀུན་མཁྱེན་ཤར་རྫ་བའི་རི་ཁྲོད་དུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཚོགས་ཆེན་ཐེངས་གསུམ་པའི་སྐབས་དབུ་འབྱེད་གནང་ཞིང་། ཚོགས་ཞུགས་བླ་སྤྲུལ་སྐྱེས་ཆེན་རྣམས་པས་རྒྱལ་གཤེན་བསྟན་པ་རྒྱས་པའི་མཛེས་རྒྱན་བླ་ན་མ་མཆིས་པར་དགོངས་ནས་ཡི་རངས་དང་བཅས་བསྔགས་བརྗོད་ཚད་མཐོ་གནང་བ་མ་ཟད། གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་སུམ་བརྒྱ་ལྷག་ཙམ་གྱི་འཐུས་མི་བླ་སྤྲུལ་སྐྱེས་ཆེན་རྣམས་ལ་པར་ཕུད་ཀྱི་ཚུལ་དུ་⟪གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་⟫ཀྱི་བཀའ་དེབ་རེ་ཕུལ། སྐབས་དེར་བཀའ་འགྱུར་དེབ་གཟུགས་སུ་ཕལ་ཆེ་བ་ལེགས་པར་གྲུབ་ཡོད་ནའང་། རྗེས་སུ་དཔེ་དཀོན་འགའ་ལག་སོན་བྱུང་བར་བརྟེན་ནས་དཔར་བསྐྲུན་གྱི་མཇུག་ཡོངས་སུ་རྫོགས་རྒྱུ་རེ་ཞིག་དུས་འགྱངས་སུ་ཕྱིན། ད་ཆར་དཔེ་དེབ་གྲངས་ཉིས་བརྒྱ་ཐམ་པ་དཔར་བསྐྲུན་ལེགས་པར་གྲུབ་འདུག་པས་བརྡ་དག་གསར་བཅོས་མེད་པར་མ་ཕྱི་དཔེ་རྙིང་རང་སོར་བཞུགས་པ་སྟོན་པ་སངས་རྒྱས་ཀྱི་བཀའ་ཚད་མ་གཞིར་བཞག་གི་ཐོག་ནས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་མཐུན་རྐྱེན་ལེགས་པར་གྲུབ། །


ད་ལྟ་དངོས་སུ་ཆ་ཚང་རིན་མེད་ཐོག་ཏུ་དཔར་ཕུད་འབུལ་ཡུལ་ནི།

Screen Shot 2015-12-06 at 1.06.46 PMརྒྱལ་བ་༧གཤེན་གྱི་གདུང་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་གསུམ་གྱིས་གཙོས་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་འགའ་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་དང་། ཆོས་རྒྱལ་ནམ་མཁའི་ནོར་བུ། སྟོང་སྐོར་ཚེ་རིང་ཐར་སོགས་ཞང་བོད་ཀྱི་ལོ་རྒྱུས་པ་ཁག་ཅིག་ལ་བཀའ་འགྱུར་དེབ་གཟུགས་ཆ་ཚང་རེ་འབུལ་རྒྱུའི་གསལ་བསྒྲགས་བསྐྱངས་འདུག་པ་མ་ཟད།  གཞན་ཡང་རྒྱལ་ནང་གི་གྲོང་ཁྱེར་ཁག་གི་དཔེ་མཛོད་ཁང་རྣམས་དང་། དེ་མིན་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་གཡུང་དྲུང་བོན་གྱི་གྲྭ་ས་གོང་འོག་བར་གསུམ་དང་། ཀུན་མཁྱེན་ཤར་རྫ་བའི་གདན་ས་གཙོས་པའི་དགོན་སྡེ་རི་ཁྲོད་ཡོད་དོ་ཅོག དེ་བཞིན་བན་དེའི་གྲྭ་ས་སེ་འབྲས་དགེ་གསུམ་དང་། གསེར་རྟ་དགོན་སོགས་བན་དགོན་ཆེ་གྲས་ཁག་བཅས་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་རེ་འབུལ་རྒྱུ་སོགས་གསལ་འདུག


Screen Shot 2015-12-06 at 1.07.11 PMདེ་སྔོན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་རིན་པོ་ཆེ་དེབ་གཟུགས་སྤུས་དག་ཏུ་བསྐྲུན་མྱོང་མེད་པའི་སྐབས་འདིར་ཀླུ་ཕུག་དགོན་གྱི་བླ་མ་ལུང་རིག་ཀུན་གསལ་སྙིང་པོ་མཆོག་གིས་སངས་རྒྱས་བསྟན་པ་དང་འགྲོ་རྣམས་བདེ་སྐྱིད་ཀྱི་དོན་དུ་དཔེ་སྦྱིན་གནང་བ་ནི་ཆེས་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན་པ་སྨོས་ཅི་ལ་དགོས། དེས་ན་འཛམ་གླིང་གོ་ལའི་ཐོག་ཏུ་འཚོ་བའི་སངས་རྒྱས་གཡུང་དྲུང་བོན་གྱི་དགོན་སྡེ་རི་ཁྲོད་ཡོད་དོ་ཅོག་གི་སྤྱི་མི་རེ་རེས་སྔ་ཙམ་ནས་གཤམ་གསལ་ཚོགས་མི་རྣམས་ལ་འབྲེལ་བ་གནང་རོགས་ཞེས་འབོད་བསྐྲུལ་གནང་འདུག

།།

དེ་མིན་མི་སྒེར་བཀའ་འགྱུར་བླུ་ཉོ་མཁན་རྣམས་ལ་ཞུས་པ།


དེབ་སྤུས་ལེགས་ལ་ཀྲུང་སྒོར( ༥༤༥༠ ) དང་། དེབ་དཀྱུས་མ་ལ་ཀྲུང་སྒོར( ༤༩༥༠ )རེ།

།།།།

དཔེ་སྦྱིན་གནང་མཁན་དང་གཙོ་འཛིན་པ།

བླ་མ་ཀུན་གསལ་སྙིང་པོ།
13322568888


འབྲེལ་བ་གནང་ཡུལ།

འགན་ཁུར་བ།

གཡུང་དྲུང་རབ་གསལ།
18289012222


རྫོགས་ཆེན་མཚོ།
13638940567བཅས་ཡིན།

།།།
སངས་རྒྱས་སྟོན་པ་གཤེན་རབ་ཞལ་གསུང་ནོར་བུའི་མཛོད།།
འགྲོ་བ་སེམས་ཅན་སྤྱི་སྐལ་འདི་ནི་སངས་རྒྱས་བསྟན།།
གང་ཟག་སྒེར་གྱི་ནོར་འདོད་བོན་ཚོང་དོན་དུ་མིན།།
དེ་ཕྱིར་འགྲོ་བ་སེམས་ཅན་འདི་ཕྱིའི་དོན་དུ་སྤེལ།།

སྤྱི་ལོ་༢༠༡༥། ༩། ༨ ཉིན། གྱེར་བསྟན་གླིང་བཀའ་འགྱུར་དཔེ་རྙིང་ཚོགས་པ་ནས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *