གྲོགས་དྲན་པའི་ལེའུ།
རྩོམ་ཡིག་འདི་ཐེངས། 407 བཀླགས་འདུག
རིང་ནས་མཛའ་བ་མ་བཏང་བར།།
སེམས་ཀྱི་ཐིག་ལེར་འཁྲུངས་པའི་མི །།
ཆ་མེད་འཇིག་རྟེན་གང་ཞིག་ནས།།
ཡུལ་གྱར་འཚོ་བའི་ལྡེབས་རིས་སུ།།
ཐོག་མའི་དབུ་ཁྱུད་འབྲི་བ་ལ།།
ངལ་བའི་ཁུར་བོ་ག་ཙམ་གདའ།།
ཉེ་དང་རིང་བའི་གནས་གང་ཏུ།།
མིག་གི་ལམ་དུ་རབ་འདྲིས་པའི།།
སྐུ་ལ་ཉེ་ཞོ་མི་མངའ་བར།།
བདེ་དགའ་ལོངས་སུ་སྤྱོད་དམ་ཅི།།
ཕ་ཡུལ་མིག་གིས་མ་མཐོང་དུས།།
ཕ་མ་ཞེ་ནས་ཨེ་དྲན་ཐལ།།
གྲོགས་ཀྱི་འདང་བརྩེ་དྲན་དུས་སུ། །
གྲོགས་པོ་སྙིང་ནས་དྲན་བྱུང་ངམ།།
ཁྱོད་ཉིད་རྒྱང་དུ་བྱེར་བ་ལ།།
གྱེས་ཁའི་སྐྱེལ་མ་མ་མཆིས་ཏེ།།
སྤྲིན་ནག་གཡོ་བའི་འདུ་འགོད་ལ།།
མི་བཟོད་གཡོལ་བའི་བྲེལ་སྟབས་ཀྱི །།
གསང་བའི་གཏམ་རྒྱུད་འབའ་ཞིག་སྟེ། །
སྐད་ཅིག་ཙམ་གྱི་འཇའ་རིས་བཞིན།།
འཚུབ་མ་དྲག་པོའི་དཔུང་འཇུག་གིས། །
ཐག་རིང་བས་མཐའི་གནས་སུ་བདས།།
ངོས་ཀྱིས་ཁྱོད་ཉིད་དྲན་པ་ནི།།
མཛུབ་རྩེར་བགྲང་བས་མི་རྫོགས་ཤི ང་།།
ཕལ་གྱི་སྐད་ཆས་མི་ཤོད་པའི།།
མི་ལོ་དྲུག་གི་གཏམ་རྒྱུད་ཡིན།།
ཁྱོད་ཉིད་གང་དུ་ཡོད་དམ་ཞེས།།
འདྲི་ཚིག་རང་ལ་དྲིས་པ་ཡང་།།
གྲངས་ཀྱིས་ཟིན་པ་མི་ནུས་སོ།།
རྨི་ལམ་ལྟ་བུའི་འགྲུལ་བཞུད་འདི། །
གློག་འགྱུ་ལྟ་བུའི་གྱེས་བྲལ་འདི །།
ཇི་ལྟར་གླེང་ཡང་མི་རྫོགས་པས།།
མིག་ཆུས་བྲིས་པའི་སྙན་ངག་སྟེ།།
གྲོགས་པོ་དྲན་པའི་ལེའུ་ཞིག།
ནང་ཚོར་རྗེན་པས་ཕྱི་རུ་བཏོན།།
བསམ་ཚུལ་ཕྲིས།