རིག་དངོས་ཀྱི་རྒྱབ་ན་ཞང་ཞུང་ཡོད་དམ།
རྩོམ་ཡིག་འདི་ཐེངས། 1157 བཀླགས་འདུག
—<ཐང་གི་ཕོ་ཉའི་བྲག་བརྐོས་ཡི ་གེ>ལ་བརྟག་དཔྱད་བྱས་པའི་མྱོང་ ཚོར།
འདས་ཟིན་པའི་ལོ་རྒྱུས་ཀློག་དུ ས་སུ་ང་ཚོའི་བསམ་པའི་འཁྱེར་སོ་ དེའང་འདས་ཟིན་པའི་སྤྱི་ཚོགས་ཀྱི ་ཁྲོད་དུ་འཇོག་འོས་ཤིང་། དེ་ལྟར་བྱས་ན་ད་གཟོད་མེས་པོའི་ སྣང་བརྙན་དང་གནའ་བོའི་ཚོ་ཁག་གི་ འཐབ་འཛིང་གི་ངར་སྒྲ་ཐོས་ཐུབ་པ་ ཡིན།
གནའ་བོའི་བོད་ཀྱི་ནུབ་ཕྱོགས་སུ་ གངས་ཏི་སེ་བྱ་བའི་བླ་རི་ཞིག་ཡོ ད་ཅིང་། གནའ་བོའི་རྒྱ་གར་གྱི་གཅེར་བུ་བ་ དང་དབང་ཕྱུག་པའི་གྲུབ་མཐའི་རྗེ ས་འཇུག་ཁག་གིས་ཡུལ་དེ་ནི་ཐུན་མོ ང་གིས་ཏི་རི་བྷི་ཁེ་ཊག་ཡིན་པར་ ངོས་འཛིན་བྱུང་ཞིང་། དེ་ནི་ལེགས་སྦྱར་གྱི་སྐད་དེ་བོ ད་སྐད་དུ་སུམ་ཅུ་རྩ་གསུམ་གྱི་ གནས་ཞེས་པའི་དོན་ཡིན། སངས་རྒྱས་ཆོས་ལུགས་པའི་དུས་འཁོ ར་གྱི་རྒྱུད་ཁག་ཅིག་ནའང་གནའ་བོ འི་རྒྱ་གར་གྱི་ནང་བའི་སྟོན་པ་ བཅོམ་ལྡན་འདས་དང་དགྲ་བཅོམ་པ་ལྔ་ བརྒྱས་གངས་ཏི་སེར་ཉམས་ལེན་བྱས་ པའི་གནས་ཚུལ་བཀོད་ཡོད་ལ། ལུང་དུམ་འདི་གཞིར་བཟུང་ནས་དཔྱད་ ན་གནའ་བོའི་རྒྱ་གར་གྱི་ནང་ཆོས་ དང་གངས་ཏི་སེའི་བར་ལ་འབྲེལ་བ་ངེ ས་ཅན་ཞིག་ཡོད་པ་ཁ་ཚོན་བཅད་ཆོག་ པ་ཡིན། གཞན་ཡང་སངས་རྒྱས་ཆོས་ལུགས་ཀྱི་ བསྟན་བཅོས་ཁ་ཤས་སུ་འཛམ་གླིང་གི་ ལྟེ་བ་གངས་ཏི་སེ་ཡིན་པ་དང་ཡུལ་ དེ་ནི་ཤམ་བྷ་ལ་ཡིན་པར་ངོས་འཛིན་ བྱུང་ཡོད་མོད་འདིར་གླེང་གཞི་དེ འི་སྐོར་ཞིབ་པ་ངོ་སྤྲོད་བྱེད་རྒྱུ་མིན། གནའ་བོའི་བོད་ཀྱི་བོན་པོའི་བསྟ ན་བཅོས་རྣམས་སུ་གངས་ཏི་སེ་ནི་ཁོ ་ཚོའི་བླ་རི་གལ་ཆེན་ཁོ་ན་དེ་ཡི ན་ཚུལ་འཁོད་ཡོད་ཅིང་། བོན་པོའི་ཡིག་ཚང་ཁག་ནས་བྱུང་བའི ་འོལ་མོ་ལུང་རིང་བྱ་བ་ཡང་ཡུལ་དེ ་ཡིན་པར་ངོས་འཛིན་བྱུང་ཡོད་ལ། བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ ཚང་གལ་ཆེ་བ་འབའ་ཞིག་ཏུ་འཆད་པའི་ གནམ་རིམ་པ་བཅུ་གསུམ་བྱ་བའང་ཡུལ་ འདི་ལ་ངོས་འཛིན་བྱེད་བཞིན་ཡོད། གོང་གི་དེ་རྣམས་མདོ་དོན་རུབ་བསྡུས་སྒོས་བཤད་ན། གངས་ཏི་སེ་ནི་གནའ་རབས་ཤེས་རིག་ སྣ་ཚོགས་ཀྱི་བརྗེ་རེས་བྱེད་སའི་ ལྟེ་གནས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ས་ཁམས་ཁོར་ཡུག་གི་བརྡ་ རྟགས་ཧ་ཅང་གལ་ཆེ་བ་ཞིག་ཀྱང་ཡིན། ང་ཚོས་རིག་གནས་ཀྱི་བརྡ་རྟགས་འདི ་བརྒྱུད་ནས་གནའ་བོའི་ཤེས་རིག་གི ་ཞལ་རས་ངོ་མ་དེ་མཐོང་ཐུབ་པར་ཡི ད་ཆེས་བྱེད་བཞིན་ཡོད།
གནའ་བོའི་ལོ་རྒྱུས་ཤེས་རིག་གི་ སྲོག་ཤིང་དུ་གྱུར་བའི་གངས་ཏི་སེ འི་མཐའ་འཁོར་ན་མི་རྒྱུད་ཆེན་པོ་ གསུམ་གནས་ཡོད་ཅིང་། དེ་དག་ནི་ཨརྱཎ་དང་ཞང་ཞུང་ངམ་སྤུ ་རྒྱལ་བཅས་ཡིན། མི་རྒྱུད་ཆེན་པོ་གསུམ་གྱིས་ཐུན་ མོང་གིས་གངས་ཏི་སེ་ནི་ངོ་མཚར་ གསང་བའི་དག་ཞིང་ཞིག་ལ་ངོས་འཛིན་ བྱུང་ནས་དད་མོས་དང་སྐོར་བ་རྒྱག་ བཞིན་ཡོད་ཅིང་། མི་རྒྱུད་ཆེན་པོ་གསུམ་གྱི་རིག་ གནས་དང་བསམ་བློ། ཅ་དངོས་དང་ཡུལ་སྲོལ་སོགས་ཀྱང་ འདི་ནས་བཟུང་ཏེ་བརྗེ་རེས་ནས་ མཉམ་འདྲེས་བྱེད་འགོ་ཚུགས་ཡོད། དེར་བརྟེན་གངས་ཏི་སེ་ནི་རང་བཞི ན་གྱིས་གནའ་རབས་ཤེས་རིག་གི་བརྗེ ་རེས་ཀྱི་ལྟེ་གནས་ཤིག་ཏུ་གྲུབ་ ཡོད། འོན་ཀྱང་དུས་ཀྱི་བགྲང་བྱའི་ཉག་ མ་མང་པོ་འདས་པའི་གོ་རིམ་ཁྲོད་དུ ་མི་རྒྱུད་ཆེན་པོ་གསུམ་གྱི་བར་ ལ་རིམ་བཞིན་འགལ་ཟླ་དང་གདོང་ཐུག་ བྱུང་ནས་ཕན་ཚུན་ལ་དབང་བསྒྱུར་ བའི་བསམ་བློ་བྱུང་ཡོད། དེ་བས་ཨརྱཎ་རྣམས་རྒྱ་གར་གྱི་ཆུ་ བོའི་འབབ་རྒྱུད་ལ་གནས་སྤོས་པ་ དང་སྤུ་རྒྱལ་བ་རྣམས་ཡར་ཀླུང་ གཙང་བོའི་འབབ་རྒྱུད་ལ་གནས་སྤོས་ ཤིང་། ཞང་ཞུང་བ་རྣམས་ལས་ཁ་ཅིག་གིས་ གངས་ཏི་སེའི་མཐའ་འཁོར་བཟུང་བ་ དང་འགའ་ཞིག་སྦལ་ཏིའི་ས་ཁུལ་སོ གས་སུ་གནས་སྤོ་བྱས་ཡོད། གུས་པས་སྐབས་འདིར་འཚོལ་བཞིན་པ་ ནི་དེ་ལྟ་བུའི་མི་རྒྱུད་ཆེན་པོ་ གསུམ་གྱི་ཡ་གྱལ་ཞང་ཞུང་བའི་རྐང་ རྗེས་དེ་ཡིན།
ཕྱིས་ནས་འཆད་བཞིན་པའི་ཞང་ཞུང་ནི ་རུས་རྒྱུད་ཚོ་ཁག་ཅིག་ཡིན་ལ་སྟོ བས་འབྱོར་ཧ་ཅང་ལྡན་པའི་གནའ་བོའི ་ཚོ་བ་ཞིག་ཡིན་ཞེས་ཀྱང་བཤད་ཆོག ཚོ་བ་འདིའི་ཚོ་དཔོན་སྔ་གྲས་ནི་ རྩེ་རྒྱལ་བྱ་བ་ཞིག་ཡིན་པ་དང་ཕྱི ས་སུ་དབས་རྒྱལ་དང་དེ་ནས་ལྕེ་རྒྱ ལ་བཅས་རུས་རྒྱུད་ཚོ་བའི་ཚོ་དཔོ ན་མི་འདྲ་བ་ཁ་ཤས་ཀྱིས་སྔ་ཕྱིར་ ཞང་ཞུང་གི་ཡུལ་འདི་ལ་དབང་བསྒྱུ ར་བྱས་མྱོང་ཡོད་ལ། དེའི་ཕྱིས་སུ་བྱ་རུའི་གོ་ས་ཐོ གས་པའི་རྒྱལ་པོ་བཅོ་བརྒྱད་ཀྱིས་ ཀྱང་ཡུལ་འདི་ལ་དབང་བསྒྱུར་བྱས་ ཡོད། དུས་སྐབས་དེར་ཞང་ཞུང་ལ་སྟོང་སྡེ ་བཅུ་གསུམ་དང་དྲག་ཆས་གོ་མཚོན་གྱ ི་དམག་དཔུང་ཡང་བྱུང་ཚར་ཡོད། འདི་བཞིན་དུས་ཀྱི་བགྲོད་པའི་གོ་ རིམ་ཁྲོད་དུ་ཞང་ཞུང་ནི་རིམ་བཞི ན་རང་རྐྱ་ཐུབ་པའི་རྒྱལ་ཕྲན་ཞིག་ གི་ངོ་བོར་ཆགས་ཏེ་རང་རྐྱ་ཐུབ་ པའི་ཡི་གེ་དང་ཤེས་རིག་ཀྱང་བྱུང་ ཡོད། ཕྱི་ལོའི་དུས་རབས་བདུན་པའི་སྐ བས་དེར་ཞང་ཞུང་གི་རྒྱལ་རབས་ཀྱི་ དབང་བསྒྱུར་མངའ་ཐང་དང་དམག་དཔུང་ གོ་མཚོན་སོགས་སྤུ་རྒྱལ་བཙན་པོའི ་རྒྱལ་རབས་ལ་འགྲན་ཐུབ་པ་ཡོད། སྐབས་དེ་ནི་ཡུལ་དབུས་ཀྱི་རྒྱལ་ པོ་སྲོང་བཙན་སྒམ་པོས་དྲག་པོའི་ སྟོབས་ཤུགས་ལ་བརྟེན་ནས་སྤུ་རྒྱ ལ་མཐའ་འཁོར་གྱི་རྒྱལ་ཕྲན་མང་པོ་ དབང་དུ་བསྡུ་བའི་དུས་ཡིན་ལ། ཞང་ཞུང་རྒྱལ་ཕྲན་ཡང་དབང་བསྒྱུར་ བྱེད་ཡུལ་ནང་གི་དམིགས་འབེན་ཞིག་ ཏུ་གྱུར་ཡོད། དེ་ནས་ཐོག་མར་དྲག་པོའི་སྟོབས་ཀྱ ིས་བྱང་གི་ཞང་ཞུང་བླངས་པ་དང་ཏོ་ ཡོ་ཆས་ས་ཁུལ་གྱི་སྟོང་དཔོན་ཡོན་ ཙེ་དམར་གསོད་བྱས་ཤིང་། དེའི་འཕྲོར་སྤུ་རྒྱལ་བཙན་པོའི་ རྒྱལ་རབས་ཀྱིས་ཡང་བསྐྱར་ཐབས་ལམ་ མི་འདྲ་བ་གཉིས་བཀོལ་ནས་ཞང་ཞུང་ ཐམས་ཅད་བླངས་ཏེ་རང་ཉིད་ཀྱི་དབང་ བསྒྱུར་མངའ་ཁོངས་སུ་བཅུག་ཡོད། བོད་རྒྱལ་སྲོང་བཙན་སྒམ་པོས་ཐོག་ མར་གཉེན་འབྲེལ་ལམ་ལུགས་ཀྱི་ཆབ་ སྲིད་ཐབས་ལམ་ལ་བརྟེན་ནས་རང་གི་ སྲིང་མོ་སད་མར་ཀར་བག་མར་བཏང་ཏེ་ ཞང་ཞུང་གི་ས་ཁམས་དང་དམག་གི་གནས་ ཚུལ་ལ་རྒྱུས་ལོན་བྱས་པ་དང་། དེ་ནས་ལྕེའི་དམག་བཏང་ནས་དེའི་སྟ ོབས་ཤུགས་ལ་བརྟེན་ཏེ་ཞང་ཞུང་ཡོ ངས་རྫོགས་དབང་དུ་བསྡུས་ཡོད། དེ་ལས་གཞན་བོད་རྒྱལ་སྲོང་བཙན་སྒ མ་པོས་དུམ་བུར་དུམ་བུར་བགོ་ནས་ བཟོ་བཅོས་བྱེད་པའི་སྤུ་རྒྱལ་ བཙན་པོའི་ཆབ་སྲིད་ཐབས་ལམ་ལ་བརྟེ ན་ནས་ཞང་ཞུང་གི་སྟོབས་ཤུགས་ཁ་ འཐོར་དུ་བཏང་ཡོད་པ་དང་གནས་སྤོ་ བྱས་ནས་མི་རྒྱུད་གཅིག་གྱུར་ལའང་ ཤུགས་སྣོན་བྱས་ཡོད། དེར་བརྟེན་དིང་སང་གི་ཆབ་མདོ་དང་ སི་ཁྲོན་སོགས་ས་ཁུལ་མང་པོར་སྔར་ ཞང་ཞུང་ཡུལ་ནས་གནས་སྤོར་གྱི་ གནའ་བོའི་ཚོ་མིང་རྙིང་བ་དག་བོར་ བ་མེད་པར་སྔར་བཞིན་སོར་འཇོག་བྱ ས་ཡོད་པ་དེ་རེད། མདོར་ན་གོང་དུ་ཞིབ་སྨྲས་བྱས་ཡོ ད་པ་འདི་དག་ནི་ཞང་ཞུང་ཤེས་རིག་ ཉམས་རྒུད་ཀྱི་རྒྱུ་རྐྱེན་གཙོ་བོ ་དེ་ཡིན། འཛམ་གླིང་གི་ཤེས་རིག་གང་ཞིག་ཡོ ངས་སུ་རྫོགས་པར་འཇིག་ཟིན་པའི་རྗ ེས་སུ་སླར་ཡང་དེ་ཉིད་ཀྱི་ངོ་བོ་ འཚོལ་རྒྱུ་ནི་དེ་འདྲའི་ལས་སླ་བོ འི་དོན་བྱ་ཞིག་མ་ཡིན་ལ། འདིར་འཆད་པའི་ཞང་ཞུང་ཤེས་རིག་ཀྱ ང་དེ་ལྟའི་གནས་ཚུལ་གྱི་རིགས་སུ་ གཏོགས་པ་ཡིན། ང་ཚོས་ནམ་རྒྱུན་བོད་རིག་པའི་ཞི བ་འཇུག་ནི་གནའ་བོའི་ཡིག་ཚང་རྣ མས་ཟུར་བལྟའི་དཔྱད་གཞིར་བྱེད་པ་ ལས་དངོས་སུ་ཡུལ་དངོས་བརྟག་དཔྱད་ བྱེད་ཐུབ་མེད་པ་ཡིན། གལ་ཏེ་འདི་བཞིན་མུ་མཐུད་དུ་ཞིབ་ འཇུག་གི་ཐབས་ལམ་འདི་རིགས་བེད་སྤྱོད་གནང་ན། ང་ཚོར་མ་འོངས་པར་དབང་ཐོབ་ཀྱི་ཞི བ་འཇུག་གྲུབ་འབྲས་དང་ཐུན་མོང་གི ས་ངོས་ལེན་བྱེད་པའི་ལྟ་ཚུལ་ནམ་ ཡང་ཐོབ་མི་སྲིད། དེར་བརྟེན་ཕྲན་གྱིས་ཡིག་ཚང་ཞིབ་ འཇུག་དང་གནའ་དཔྱད་རིག་པ་ཟུང་དུ་ འཇུག་པ་ནི་བོད་རིག་པའི་ཞིབ་འཇུ ག་གི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ ཡིན་པར་ངོས་འཛིན་བྱས་ཡོད་ལ། ང་ཚོས་ཕྱིས་སུ་ཐབས་ལམ་འདི་སྤྱད་ ནས་བོད་ཀྱི་ལོ་རྒྱུས་རྣམས་བསྐྱ ར་ཀློག་བྱེད་པར་རེ་བ་ཞུས་ཡོད། ཐེངས་འདིའི་གུས་པའི་བརྟག་དཔྱད་ ཀྱི་མྱོང་ཚོར་གཤམ་དུ་གསལ་བ་ལྟར་ ཡིན།
ཕྱི་ལོ༢༠༡༥/༣/༡༣ཉིན་ང་དང་ལས་གྲོ གས་གཉིས་སྐྱིད་གྲོང་རྫོང་རྫོང་ དཀར་གྲོང་བརྡལ་གྱི་བྱང་ཕྱོགས་སྤྱི་ལེ་ལྔའི་མཚམས་སུ་ཡོད་པའི་ཨ་ པ་རྒྱ་བ་བྲག་བརྐོས་ལ་བརྟག་དཔྱད་ དུ་ཕྱིན་པ་ཡིན། ཡུལ་དེའི་མི་སེར་ཕལ་བས་བྲག་བརྐོ ས་འདིའི་མིང་ལ་ཨ་པ་རྒྱ་ཡིག་ཟེར་ ཞིང་དོན་ནི་ཨ་ཕའི་རྒྱ་ཡིག་ཡིན་ ཟེར་ལ། ཁོང་ཚོས་འདི་ནི་གནམ་ནས་བབས་པའི་ ལྷའི་དངོས་པོ་ཞིག་ཏུ་ངོས་འཛིན་ ཞིང་དེའི་རྒྱུ་མཚན་གྱིས་དེ་ལ་ དད་མོས་དང་བྲག་ངོས་ཀྱི་ཡི་གེ་ལ་ སྲུང་སྐྱོབ་བྱས་ཡོད། ཡུལ་དེའི་མི་རྣམས་ལ་སྲོལ་རྒྱུན་ གྱི་ཆོས་སེམས་ལྡན་ཡོད་པའི་སྟབས་ ཀྱིས་ད་གཟོད་རྡོ་བརྐོས་འདི་ལ་སྲུང་སྐྱོབ་བྱས་ནས་ད་ལྟའི་བར་དུ་ ཐོན་པ་ཡིན། དོན་དངོས་སུ་ཁོ་ཚོས་བཤད་པའི་ལྷ འི་དངོས་པོ་དེ་ནི་མིང་དུ་གྲགས་ པའི་ཐང་གུར་གྱི་ཕོ་ཉས་བྲག་ངོས་ སུ་བརྐོས་པའི་ཡི་གེ་དེ་ཡིན་ལ། དེ་ནི་རིག་གཞུང་ཞིབ་འཇུག་གི་ཁྱ བ་ཁོངས་ཧྲིལ་པོར་སྐད་གྲགས་ཆེན་ པོ་ཡོད་པ་ཞིག་ཡིན། ཡི་གེའི་བརྐོ་བྱའི་བྲག་ངོས་དེའི ་ཞེང་ཚད་ལ་ཕལ་ཆེར་རྨི་གཅིག་ཚེག་ ལྔ་དང་། མཐོ་ཚད་ལ་ཕལ་ཆེར་རྨི་བཞི་དང་ས་ ངོས་ནས་བྲག་གི་བར་ལ་ཕལ་ཆེར་རྨི་ བརྒྱད་ཙམ་ཡོད། བྲག་ངོས་ཡོངས་རྫོགས་སུ་རྡོ་རྣ མས་འཛིང་བའི་ཚུལ་དུ་ཡོད་ཅིང་བྲ ག་གཤམ་ན་ལི་མ་སྨན་ཆུ་འཁྱིལ་ནས་ འགྲོ་བཞིན་ཡོད། དངོས་གཞིའི་བྲག་བརྐོས་ཡི་གེའི་ ཞེང་ཚད་ལ་རྨི་གཅིག་ཙམ་དང་མཐོ་ ཚད་ལི་རྨི་དགུ་བཅུ་ཙམ་ཡོད། རྒྱའི་གནའ་བོའི་གཟབ་ཡིག་གིས་བྲ ག་ངོས་སུ་བརྐོས་ཡོད་ཅིང་ཐིག་ཕྲེ ང་ཉི་ཤུ་རྩ་བཞི་དང་ཁྱོན་བསྡོམ་ ཡི་གེ་སུམ་བརྒྱ་ཙམ་ད་ལྟའང་མིག་ ལ་བསྟན་ཡོད་དུ་གནས་ཡོད། ཆེད་མཁས་པའི་བདེན་དཔང་གཞིར་བཟུ ང་ན། བྲག་བརྐོས་འདི་ནི་ཕྱི་ལོ༦༥༨ལོར་ ཐང་གི་ཕྱི་འགྲུལ་བརྟག་ཞིབ་པ་ཝང་ ཞོན་ཙང(王玄奘)(ཕལ་ཆེར་དུས་རབས་བདུ ན་པར་སྐྱེས་ཤིང་ཧི་ནན་ལོ་ཡང་གི་ མི་ཡིན)ཉིད་རྒྱ་གར་འཕགས་པའི་ཡུ ལ་ལ་ཕོ་ཉར་འགྲོ་དུས་སུ་བཞག་པའི་ རིག་དངོས་གལ་ཆེན་ཞིག་རེད། དེ་ནི་ལྷ་ལྡན་གཙུག་ལག་ཁང་གི་མདུ ན་ངོས་སུ་བཙུགས་པའི་ཁྲང་ཆིན་མཐུ ན་སྒྲིལ་རྡོ་རིང(ཕྱི་ལོ༨༢༣ལོར་ བཙུགས)ཟེར་བའམ་ལྷ་སའི་རྡོ་རིང་ དང་བསྡུར་ན་ལོ་བརྒྱ་དང་དྲུག་ཅུ་ རེ་ལྔས་སྔ་བ་ཡོད་འདུག ཝང་ཞོན་ཙང་དང་འབྲེལ་ཡོད་གནས་ཚུ ལ་ཅུང་ཟད་ཞུས་ཏེ། ད་ནི་ཐང་གི་ཕོ་ཉའི་བྲག་བརྐོས་ཡི ་གེ་དེའི་ཐིག་ཕྲེང་བཅུ་གསུམ་པར” ་་་་ལོའི་དབྱར་ཟླ་ལྔ་བར་ཞང་ཞུང་ ཆུང་བའི་ནུབ་ཕྱོགས་ན་་་་ 年夏五月届于小杨童之西”ཞེས་པའི་སྐོར་ལ་བགྲ ོ་གླེང་བྱེད་བསམ་ཡོད། ཚིག་ཕྲེང་འདི་གཞིར་བཟུང་ན་ཕྱི་ ལོ་བརྒྱ་ཕྲག་བདུན་པའི་དུས་སུ་བོ ད་ཀྱི་ནུབ་ཕྱོགས་ན་ཞང་ཞུང་ཆུང་ བ་བྱ་བའི་ཡུལ་ཞིག་ཡོད་པ་ཁ་ཚོན་ གཅོད་ཐུབ་ལ། དིང་སང་ལྟར་བྱས་ན་སྐྱིད་གྲོང་རྫ ོང་གི་ཕྱོགས་འདི་ལ་ངོས་འཛིན་བྱ ས་ཆོག་གམ་སྙམ།
ཐོག་མར་ཡཱང་ཐོང(杨童)བྱ་བའི་ཐ་སྙ ད་ལ་བགྲོ་གླེང་བྱེད་དགོས་ཏེ། ཡཱང་ཐོང་ནི་ཆེན་པོ་ཐང་གི་དུས་སུ ་སྒྲ་བསྒྱུར་བྱས་ནས་ཐོན་པའི་ཐ་ སྙད་ཅིག་ཏེ་སྐབས་ལན་རེར(羊同)བྱ་ བ་འདི་ཡང་བྲིས་ཡོད། དོན་ལ་དེ་དག་ཆ་ཚང་ཞང་ཞུང་ཞེས་ པའི་ཐ་སྙད་ཀྱི་སྒྲ་བསྒྱུར་རེད། ཞིབ་འཇུག་པ་ཁ་ཅིག་གིས(羊同)ནི་གཡུ ང་དྲུང་གི་སྒྲ་འགྱུར་ནས་ཐོན་པ་ རེད་ཟེར་བ་དང་ཡང་ཞིབ་འཇུག་པ་ གནད་ཅན་འགས(羊同)བྱ་བ་ནི་བོད་སྐད་ ལ་ཁྲོམ་ཡིན་པར་ངོས་འཛིན་བྱེད་ བཞིན་འདུག ལྟ་ཚུལ་འདི་དག་ནི་རིག་གཞུང་གི་ ཁྱབ་ཁོངས་སུ་ཡིད་དཔྱོད་དང་ཚོག་ དཔག་བྱས་པ་ཙམ་ལས་གཞི་འཛིན་སའི་ ཁུངས་ཅི་ཡང་སྟོན་རྒྱུ་མེད། རྒྱ་ཡིག་གི(杨童)དང(羊同)བྱ་བའི་ཐ་ སྙད་འདི་གཉིས་གང་ཡིན་ཡང་ཞུང་ཞུ ང་བྱ་བའི་ཐ་སྙད་ཀྱི་སྒྲ་འགྱུར་ ནས་སླེབས་པ་ཡིན་ལ། དེ་ནི་ཆེན་པོ་ཐང་གི་དུས་སུ་རྒྱ་ བོད་སྒྲ་བསྒྱུར་གྱི་ཁྲོད་ནས་བྱུ ང་བའི་སྒྲ་འགྱུར་གྱི་སྣང་ཚུལ་ གཙོ་ཆེ་བ་ཞིག་ཀྱང་ཡིན། ང་ཚོས་གནད་དོན་འདི་རིགས་ཐག་གཅོ ད་བྱེད་ན་མུ་མཐུད་དུ་གནའ་དེང་རྒྱ་བོད་ཀྱི་སྐད་བརྡ་རིག་པའི་འཕེ ལ་རྒྱས་ཀྱི་འཕེལ་འགྱུར་ལ་ཞིབ་ འཇུག་བྱེད་དགོས་པ་ཡིན། མ་འོངས་པར་འདིའི་ཕྱོགས་ཀྱི་ཤེས་ ལྡན་མི་སྣ་བྱུང་ནས་སྐད་བརྡའི་ དཀའ་གནད་འདི་འདྲའི་རིགས་རྣམས་ ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་བྱ ས་ཡོད། གཉིས་པ་ནི་རིག་དངོས་ཁྲོད་བྱུང་ བའི(杨童)བྱ་བའི་ཡུལ་དེ་དིང་སང་གི ་སྐྱིད་གྲོང་རྫོང་ལ་ངོས་འཛིན་བྱ ་རྒྱུ་དེ་ཡིན། ས་ཁུལ་འདིའི་གནའ་རབས་ཀྱི་མིང་ལ་ མང་ཡུལ་གུང་ཐང་ཞེས་འབོད་ཅིང་བོ ད་རྒྱལ་སྲོང་བཙན་སྒམ་པོའི་དུས་ སུ་མངའ་རིས་སྐོར་གསུམ་གྱི་ཁོངས་ སུ་གཏོགས་པ་ཡིན། དུས་རབས་བཅུ་བཞི་བའི་སྐབས་ཀྱི་ བོད་ཀྱི་ཡིག་ཚང་གལ་ཆེན་རྣམས་ལས་ ཡུལ་འདི་ལ་མངའ་རིས་སྨད་མང་ཡུལ་ གུང་ཐང་ཞེས་ཀྱང་བཀོད་ཡོད། འོན་ཀྱང་གནའ་བོའི་ས་མིང་འདི་དག་ ནི་དུས་རབས་བདུན་པ་ལས་སྔ་མི་སྲི ད་པ་ཞིག་རེད་སྙམ། ཉེ་ཆར་བཞུགས་ཡོད་པའི་བོད་ཀྱི་ གནའ་བོའི་ཡིག་ཚང་ཁག་གི་བརྗོད་བྱ ར་གཞིགས་ན་གནའ་བོའི་ཞང་ཞུང་གི་ ས་ཁམས་ཆགས་ཡུལ་ནི་ས་ཡུལ་འདི་དག་ ཡིན་ལ། དམིགས་བསལ་ཞང་ཞུང་ཆུང་བ་ནི་དིང་ སང་གི་སྐྱིད་གྲོང་རྫོང་གི་ས་ཁོ ངས་འདི་ཡིན་ནམ་སྙམ། ཕྱི་ལོ་དུས་རབས་བདུན་པ་ནས་བཟུང་ ཡུལ་གྲུ་འདི་ནི་གནའ་བོའི་རྒྱ་ གར་འཕགས་པའི་ཡུལ་དང་བོད་གཉིས་ཀྱ ི་ཕན་ཚུན་འགྲོ་འོང་གི་བགྲོད་ལམ་ གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། འཛམ་གླིང་ལ་གྲགས་ཆེ་བའི་སློབ་ དཔོན་པདྨ་འབྱུང་གནས་ཀྱང་ལམ་ཐིག་ འདི་བརྒྱུད་ནས་བོད་ལ་ཆོས་སྤེལ་ དུ་ཕེབས་མྱོང་ཡོད། གཞན་ཡང་གནའ་བོའི་རྒྱ་གར་དང་བོད་ དང་ཆེན་པོ་ཐང་གུར་གྱི་ལོ་ཙཱ་བ་ མང་ཆེ་བའང་སྔར་བཞིན་ལམ་ཐིག་འདི་ བརྒྱུད་ནས་ཆོས་ལེན་པ་དང་ཆོས་སྤེ ལ་པར་བྱས་ཡོད། དེར་བརྟེན་མང་ཡུལ་གུང་ཐང་ནི་ཨེ་ ཤ་ཡའི་དབུས་རྒྱུད་དང་ཨེ་ཤ་ཡའི་ ཤར་ནུབ་རྒྱུད་ཀྱི་གྲགས་ཆེ་ལ་དོ ན་སྙིང་ལྡན་པའི་གནའ་རབས་འགྲིམ་ འགྲུལ་གྱི་བགྲོད་ལམ་གལ་ཆེན་གྱི་ ཡ་གྱལ་ཞིག་ཀྱང་ཡིན། ཕྱི་ལོ་དུས་རབས་བདུན་པའི་ཡར་སྔོ ན་དུ་ས་ཁུལ་འདི་ནི་ཞང་ཞུང་ཆུང་ བའི་ཁོངས་སུ་གཏོགས་ནའང་། ཡིད་ཕངས་པ་ཞིག་ལ་བོད་ཀྱི་ཡིག་ ཚང་གལ་ཆེན་རྣམས་སུ་སྐབས་དེའི་ལོ ་རྒྱུས་ཞིབ་པ་ཡི་གེར་འགོད་ཐུབ་ མེད་ཅིང་། ཕལ་ཆེར་ཕྱི་ལོའི་དུས་རབས་བཅུ་ བཞི་ནས་བཅུ་དྲུག་བར་གྱི་བོད་ཀྱི ་པཎ་གྲུབ་རྣམས་མང་ཡུལ་གུང་ཐང་ བརྒྱུད་ནས་རྒྱ་གར་དང་ཨུ་རྒྱན་གྱ ི་ཡུལ་དུ་སློབ་གཉེར་ལ་ཕེབས་དུས་ ཙམ་ལ་ས་ཁུལ་འདིའི་ལོ་རྒྱུས་ཐོར་ བུ་རེ་ཡི་གེར་བཀོད་ཡོད། དཔེར་ན་གྲུབ་ཆེན་ཨུ་རྒྱན་པ་རིན་ ཆེན་དཔལ་༼༡༣༢༩-༡༣༦༧༽གྱིས་མཛད་ པའི<ཨྱོན་སྤྲུལ་བའི་ཞིང་གི་ལམ་ ཡིག་རིན་ཆེན་ཕྲེང་བ>ཞེས་པར་གུ་ གེ་སྨད་རྒྱུད་ཞང་ཞུང་ཞེས་བཀོད་ པ་དང་། མན་ལུང་གུ་རུ(ཕལ་ཆེར་དུས་རབས་ བཅུ་དྲུག་པ)ཡིས་མཛད་པའི<ཤམ་བྷ་ ལའི་ལམ་ཡིག>ན་གུ་གེ་ནི་ཞང་ཞུང་ གི་ཡུལ་དུ་འདུག དེའི་སྨད་ན་ད་དུང་ཡང་བོད་སྐད་མ་ ཡིན་པའི་ཁོ་རང་ཚོའི་སྐད་ཟུར་བ་ ཞིག་ལབ་ཀྱི་འདུག་ཅེས་བཀོད་ཡོད། གཞན་ཡང་གྲ་སྟོད་ཡར་ཆན་པ་གུ་རུ་ ཨུ་རྒྱན་གླིང་པ༼༡༣༢༩-༡༣༦༧༽པས་ གཏེར་ནས་བཏོན་པར་གྲགས་པའི<བཀའ་ ཐང་སྡེ་ལྔ>ན་ཞང་ཞུང་སྒྲ་བླ་མུ་ ཙ་མེད་ཀྱི་གནས་ཚུལ་བཀོད་ཡོད། ང་ཚོས་གོང་དུ་བཀོད་པའི་སྒྲུབ་བྱ ེད་འདི་དག་གི་རིགས་འདེད་བརྒྱུད་ ནས་བལྟས་ན་མང་ཡུལ་གུང་ཐང་ནི་སྔོ ན་གྱི་ཚེ་ཞང་ཞུང་རྒྱལ་ཕྲན་གྱི་ ས་ཁྱོན་ལ་གཏོགས་པ་དང་ཞང་ཞུང་གི་ རུས་རྒྱད་ཚོ་དཔོན་རྣམས་ཀྱིས་ཡུ ལ་འདི་ལ་དབང་བསྒྱུར་བྱས་ཡོད། འོན་ཀྱང་དུས་ཀྱི་ཉག་མ་མང་པོ་ འདས་པའི་གོ་རིམ་ཁྲོད་དུ་ས་ཁུལ་ འདི་ལ་གནམ་ས་བླ་འོག་བརྗེས་པ་ལྟ་ བུའི་འགྱུར་བཅོས་ངེས་ཅན་ཐེབས་ཡོ ད།
མདོ་དོན་རུབ་བསྡུས་སྒོས་བཤད་ན། ཐང་གི་ཕོ་ཉའི་བྲག་བརྐོས་ཀྱི་རི ག་དངོས་རྩ་ཆེན་འདིའི་ཁྲོད་ཀྱི་ ཡིག་འབྲུ་འདི་དག་གིས་ང་ཚོར་ལོ་ རྒྱུས་ཀྱི་ལམ་སྣེ་གལ་ཆེན་ཞིག་ བསྟན་ཡོད་པ་དང་། ལམ་སྣེ་འདི་བརྒྱུད་ནས་ཞང་ཞུང་ཤེ ས་རིག་གི་གསང་བ་འགྲོལ་བར་རམ་འདེ གས་ཧ་ཅང་གལ་ཆེན་བྱེད་ཐུབ་བམ་སྙ མ། གཞན་ཡང་གུས་པས་མ་འོངས་པའི་བོད་ ཀྱི་རིག་དངོས་བསྔོག་འདོན་ཁྲོད་ ནས་ཞང་ཞུང་དང་འབྲེལ་བའི་རིག་དངོ ས་གསར་རྙེད་བྱུང་ཐུབ་པར་ཡིད་ཆེ ས་བྱས་ཡོད་ལ། དེ་དུས་སུ་ང་ཚོས་གདེང་ཚོད་ཡོད་ པའི་སྒོ་ནས”རིག་དངོས་ཀྱི་རྒྱབ་ ན་ཞང་ཞུང་ཡོད་དམ”ཅེས་པ་དང་ཞང་ཞུ ང་ཤེས་རིག་སྐོར་རྒྱས་འགྲེལ་བྱས་ ཆོག་པ་ཡིན།
* དཔྱད་ཐུང་འདི་ནི་གུས་པས་རྒྱ་རི གས་བོད་རིག་པར་ཞིབ་འཇུག་བྱེད་ མཁན་མང་པོར་ཞིབ་འཇུག་གི་ལམ་སྣེ་ གལ་ཆེན་སྟོན་ཆེད་དུ་ཕྱི་ལོ༢༠༡༥/ ༣/༡༩/ལ་རྒྱ་ཡིག་གིས་བྲིས་ཏེ་དྲ་ ངོས་སུ་བཀྲམ་པ་དང་། ཕྱིས་སུ་དྲ་ལམ་བརྒྱུད་འགོད་པ་ཧ་ ཅང་མང་པའི་ཁར་ལྟ་ཚུལ་ཅི་རིགས་ འདོན་མཁན་གྱི་འཁྲུག་ཆ་དོད་པོ་ཞེ ་དྲག་བྱུང་ཡོད།
བན་ཤུལ་དཔལ་མཁར་རྒྱལ་གྱིས་ ༢༠༡༥/༡༡/༤/ལ་མངའ་རིས་སྨད་མང་ཡུ ལ་གུང་ཐང་གི་བཙད་པོའི་མི་རྒྱུད་ ཕྱི་མའི་བཞུགས་གནས་ཕོ་བྲང་བཀྲ་ ཤིས་ཁྱུང་རྫོང་དཀར་པོའི་ཉེ་ འདབས་སུ་བོད་འགྱུར་བྱས་པ་དགེའོ། །
བསམ་ཚུལ་ཕྲིས།