སྐད་ཅིག་གི་འཆར་སྣང་།
རྩོམ་ཡིག་འདི་ཐེངས། 384 བཀླགས་འདུག
སེམས་ཚོར་ངར་མ་མེ་ལྕེ་བཞིན་དུ་ མཆེད།།
མཚན་ལྗོངས་ཟླ་འོད་རི་བོའི་ཕག་ཏུ ་ཡིབས།།
དྲན་པའི་ན་ཟུག་ཁབ་རྩེ་རྣོན་པོ་ ལྟར།།
གས་ཆག་ཤོར་བའི་སྙིང་ཆུང་ཁ་རུ་ གཙེ།།
བསིལ་རླུང་འཇམ་པོ་པ་ཊའི་སྲུབས་ ནས་ལྡང་།།
སེམས་གཞས་སྐྱུར་མོ་ལྦུ་རག་ལྷན་ དུ་ཤོར།།
དྲན་པས་མནར་བའི་ཁྲིམས་ལུགས་ལྗི ད་མོ་ཞིག།།
མི་འདོད་སྙིང་ཆུང་དཀྱིལ་དུ་འཁོ ར་ནས་འོངས།།
མཚན་མོའི་ཤུགས་རིང་འཇའ་ཚོན་བཞི ན་དུ་ཡལ།།
རྒྱུ་སྐར་ཕྲེང་བ་སྨུག་སྤྲིན་མཐུ ག་པས་གཡོགས།།
མཛའ་མོ་དྲན་པའི་སྡུག་གཏམ་སེམས་ ནས་ཤོར།།
བརྩེ་དུང་རྣལ་མས་ཡོད་ཚད་སྨྱོ་རུ ་བཅུགས།།
འཕྲལ་གྱི་བདེ་བ་རྨི་ལམ་ཙམ་དུ་ ཟད།།
དགུན་གྱི་དྲོ་འཁྱག་མི་རྟག་སྐད་ ཅིག་འགྱུར།།
ཞེན་ཆགས་བུ་མོར་སྐྱོ་གཏམ་ཤུར་ཤུ ར་ཤུར།།
སེམས་ཀྱི་གཏམ་དེས་མགྲིན་པ་བརྣ ངས་ནས་ཡོང་།།
བརྩེ་བ་ལྷད་མེད་རླུང་ནང་མར་མེ་ བཞིན།།
འདི་སྣང་རྨི་ལམ་འདྲུད་པའི་རྩེད་ འཇོར་བསྒྱུར།།
དྲན་གདུང་རྣལ་མ་སེམས་ཀྱི་སྒྲོམ་ དུ་བཅུག།
ཡིད་སེམས་སྐྱོ་བའི་དངན་པ་རིང་དུ ་ཕྱིན།།
བསམ་ཚུལ་ཕྲིས།