ཞང་ཞུང་ནས་འོང་ཞེས་པའི་དཔེ་དེབ་ངོ་སྤྲོད།

རྩོམ་ཡིག་འདི་ཐེངས། 1159 བཀླགས་འདུག

ཞང་ཞུང་རིག་གནས་ཁག་ཅིག་ལ་ཞིབ་དཔྱད་བྱས་པའི་ཟླ་མེད་པར་རིས་བརྩམས་ཆོས།
一部探讨象雄文化的绝世精品(图)

ལོ་ངོ་གང་མང་རིང་ལ་ལྐོག་གྱུར་གྱི་བོད་ལྗོངས་ལ་མི་གྲངས་མེད་ཅིག་གིས་ཡིད་སྨོན་ཤོར་ས་ཅིག་ཏུ་ཆགས་ཡོད་པ་རེད། དེ་ནི་མི་རྣམས་ཀྱིས་བཤད་པའི་ལྷ་ཡུལ་དང་བར་ཐག་ཆེས་ཉེ་བའི་གནས་ཀྱང་ཡིན་པ་རེད། དེ་ལས་ཀྱང་རྣམ་ཤེས་དག་པའི་གནས་མཆོག་ཅིག་ཏུ་ལགས་ན། གནས་འདིའི་རི་ཆུ་ནགས་གསུམ་ནི་གནམ་འོག་ན་མཛེས་སྡུག་འགྲན་ཟླ་བྲལ་བ་ཡིན། ད་དུང་གནས་འདི་ན་ལྐོག་གྱུར་གྱི་གནས་ཞིག་ཡོད་པ་ནི་མངའ་རིས་ཡིན། མངའ་རིས་ནི་ཞང་ཞུང་རིག་གནས་ཀྱི་འབྱུང་ཁུངས་ཡིན་ལ། ཞང་ཞུང་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་ཡིན། བོད་བརྒྱུད་ནང་བསྟན་བོད་ལ་མ་དར་གོང་གི་དུས་ཐོག་མའི་བོད་མི་རིགས་ཀྱི་ཤེས་རིག་ཡིན་པ་རེད། ལོ་རྒྱུས་ཐོག་བཀོད་པ་ལྟར་ན། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་དང་གསུམ་པའི་སྐབས་ཡིན་ལ། དེང་སྐབས་མངའ་རིས་ས་ཁུལ་གྱི་རྩ་མདའ་རྫོང་དང་སྤུ་ཧྲིང་རྫོང་ནི་གནའ་བོའི་ཞང་ཞུང་རྒྱལ་བོ་བཞུགས་སའི་ལྟེ་གནས་ཡིན་པ་རེད། གནས་འདི་ནི་རི་བོ་སྟོང་གི་ཡང་རྩེ། ཆུ་བོ་ཁྲི་ཡི་འགོ་ཁུངས་ཆགས་ཡོད་པ་རེད།

ཞང་ཞུང་རིག་གནས་ལ་ཡིད་སྨོན་དང་མཚར་འཛིན་གཞི་བཟུང་ཐོག  ཉེ་ཆར་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་ནས་བཏོན་པའི་རྩོམ་པ་པོ་སྐུ་ཞབས་ཅིན་ཧྲུའུ་པོའོ་ཡི་བརྩམས་ཆོས་དེབ་༼ཞང་ཞུང་ནས་ཡོང་༽ཞེས་པའི་དེབ་འདིའི་ནང་དུ་ཞང་ཞུང་རྒྱལ་རབས་ནི་དོན་དངོས་དང་མཐུན་པའི་ལོ་རྒྱུས་དག་མ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རིག་གནས་ཀྱི་འགོ་ཁུངས་ཀྱང་ཡིན་པ་རེད། རྩོམ་པ་པོས་ལོ་མང་འབད་བརྩོན་དང་བྱ་བའི་ཆུ་ཚོད་ལྷག་མ་དེ་བེད་སྤྱད་ནས་དཀའ་བའི་ལ་མོ་བརྒྱུད་ཅིང་། མཚོ་ངོས་ལས་མཐོ་ཚད་རྨིད་4500ཡན་གྱི་ཞང་ཞུང་གནའ་ཤུལ་ལ་རྐང་ཐང་གིས་འཇལ། རྔུལ་ཆུ་དང་སེམས་ཤུགས་ཀྱིས་འགྲན་ཟླ་བྲལ་བའི་བརྩམས་ཆོས་འདི་གྲུབ་པ་རེད།

སྲིད་ན་དཀོན་པའི་བརྩམས་ཆོསགཞུང་། །  ཕུན་ཚོགས་བརྗོད་བྱས་མཛེས་སྡུག་སྟོན།།
旷世之作    精彩纷呈

༼ཞང་ཞུང་ནས་ཡོང་༽ཞེས་པའི་དེབ་འདི་ལ་ཁག་ལྔ་ཡོད་ལ། ཞང་ཞུང་གི་གཏམ་རྒྱུད་དང་ངག་རྒྱུན། ཞང་ཞུང་མིའི་འཚོ་བ་དང་ཁོར་ཡུག་སྐྱེས་སྟོབས་འབར་བའི་ཕ་ཡུལ། ངོ་མཚར་ལྡན་པའི་རྒྱལ་རབས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག  གུ་གེའི་གནའ་ཤུལ་སོགས་ཞང་ཞུང་གི་སྲིད་དབང་སྒྲིག་སྲོལ་དང་ས་ཁོངས། ཡི་གེ་འགྲིམ་འགྲུལ་དང་ས་གནས་སོགས་མང་པོ་ཞིག་གིས་རྩོམ་པ་པོ་རང་ཉིད་ལ་ལྐོག་གྱུར་ཞང་ཞུང་གིས་བཞག་པའི་ཚོར་ཤེས་ཁྱད་པར་ཅན་ཞིག་སྤྲད་ཡོད་པ་འདྲ།

རྒྱལ་རབས་ལྐོག་གྱུར་བོར་བརླག་ཕྱིན། །          བསྐལ་བ་སྟོང་གི་གསང་བ་བཞག
王朝神秘消失   留下千古之谜

ཞང་ཞུང་རྒྱལ་རབས་ཞེས་པ་རྒྱ་ཡི་ལོ་རྒྱུས་ནང་དུ་《羊同》ཡང་ཐོང་ཞེས་བཀོད་ཡོད་པ་རེད། དེ་ནི་མདོ་དབུས་མཐོ་སྒང་གི་ཆེས་སྔ་བའི་རིགས་གནས་ཀྱི་ལྟེ་བ་ཡིན་པ་རེད། ཞང་ཞུང་རྒྱལ་ཁབ་ལ་དམག་སྟོབས་ཆེ་བ་དང་། རྒྱ་ཆེ་བའི་མངའ་ཁོངས་ལ་དབང་བསྒྱུར་མཛད། ད་དུང་ཞང་ཞུང་གི་ཡི་གེ་གསར་གཏོད་མཛད། དེ་ནི་བོད་ལྗོངས་རང་ས་ནས་བྱུང་བའི་གཡུང་དྲུང་བོན་གྱི་འབྱུང་གནས་ཀྱང་ཡིན་པ་རེད། འོན་ཀྱང་ཧ་ལས་དགོས་པ་ཞིག་ལ་འདི་ལྟ་བུའི་གྲུབ་འབྲས་ཡོད་ཚད་ལྐོག་གྱུར་དང་བོར་བརླག་ཏུ་བུད་སོང་བ་རེད། ཤུལ་དུ་ལུས་པ་ནི་བསྐལ་བ་སྟོང་གི་གསང་བ་ཞིག  གསང་རྒྱ་འདི་གྲོལ་བར་བྱེད་ཚེ། ང་ཚོའི་བསམ་བློ་ངེས་ཅན་ཞིག་གཏོང་དགོས་པ་དང་། ལོ་ངོ་སྟོང་ཕྲག་སྔོན་ལ་མ་ཕམ་གཡུ་མཚོའི་འགྲམ་གྱི་སད་མ་ཀར་དང་། ཁོ་མོའི་ཕུ་བོ། ཁོ་མོའི་ཕུ་བོ་ནི་ལོ་རྒྱུས་ཐོག་མིང་གྲགས་ཆེ་བའི་སྲོང་བཙན་སྒམ་པོ་ཡིན་པ་རེད། སད་མ་ཀར་ནི་དཔའ་རྩལ་ཕུལ་དུ་བྱུང་བའི་ཞང་ཞུང་རྒྱལ་བོ་ལིག་མི་རྐྱ་ཡི་བཙུན་མོ་ཡིན་པ་དང་། ལོ་རྒྱུས་ཐོག་བཀོད་པ་ལྟར་ན། སད་མ་ཀར་རྩ་ཆེ་ཞིང་མཛེས་ཉམས་ལྡན་པའི་ཞང་ཞུང་རྒྱལ་བོའི་བཙུན་མོ་བྱས་ཀྱང་། ལིག་མི་རྐྱ་སྔ་ས་ནས་མཉམ་འགྲོགས་མཉམ་ཟར་གྱུར་བའི་བཙུན་མོ་༼ཤུད་ཀེ ༽ཡོད་པས། སད་མ་ཀར་ལ་དགོས་པའི་འདོད་པ་མཐའ་དག་མ་བསྒྲུབ། དེ་བས་སད་མ་ཀར་གྱིས་མོ་རང་གི་ཕུ་བོ་སྲོང་བཙན་སྒམ་པོ་ལ་མགུར་གླུ་ཞིག་དང་གཡུ། ཞུ་ཞྭ་ཞིག་ཕུལ་ནས། ལྐོག་ཏུ་ཕུ་བོ་ལ༼ཞང་ཞུང་རྒྱལ་བོ་ལིག་མི་རྐྱ་ལ་རྒོལ་ཕོད་ན་དཔའ་རྒོད་དུ་བརྩི་བ་དང་། རྒོལ་མི་ཕོད་ཚེ་བུད་མེད་དུ་བརྩི་བ་ཡིན༽ཞེས་བརྡ་བསྟན་པས། སྔོན་ནས་ཞང་ཞུང་སྣུབས་འདོད་ཡོད་པའི་སྲོང་བཙན་སྒམ་པོའི་སྲིང་མོས་བསྟན་པའི་བྱེད་ཐབས་འདི་སྤྱད་ནས་ཞང་ཞུང་མངའ་ཁོངས་སུ་བསྡུས་པ་རེད། འདི་ནི་ངག་རྒྱུན་ཙམ་ལ། ཞང་ཞུང་སྣུབས་པའི་རྒྱུ་མཚན་མང་པོ་ཞིག་ཡོད་པ་རེད།  འོན་ཀྱང་ང་ཚོ་ཡིད་ཆེས་དགོས་པ་ཞིག་ལ། སད་མ་ཀར་ནི་དངོས་ཡོད་ལོ་རྒྱུས་ཐོག་ཉེས་མེད་ཡ་རབས་ཀྱི་བུ་མོ་ཞིག་ཡིན་དགོས་པར་བསམ།
རྒྱལ་ཁབ་ཞིག་གི་དར་རྒུད་དང་ཆགས་འཇིག་ནི་གནམ་གྱི་འདོད་བློ་ལ་རག་ལས་པས། ང་ཚོས་གང་འདོད་དུ་ཚོད་དཔག་བྱེད་ཐུབ་ཀྱི་མེད།   ཞང་ཞུང་རྒྱལ་རབས་ནུབ་པ་ནི་གཅིག་བྱས་ན་དུས་རབས་ཅིག་མཇུག་རྫོགས་པའི་རྣམ་པ་མཚོན་འདུག  དོན་དངོས་ཐོག་ཞང་ཞུང་རྒྱལ་རབས་ནི་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་དང་། བོད་མི་རིགས་དག་གི་རྩ་ཆེ་བའི་རིག་གནས་ཀྱི་འབྱུང་གཞི་ཡིན་པ་རེད། བོན་གྱི་ལོ་རྒྱུས་ཀྱི་ཤུལ་རྗེས་བརྒྱུད་ནས་ང་ཚོས་ཞང་ཞུང་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་ལོན་བྱས་ཆོག

ཞང་ཞུང་བོན་པོའི་སྐྱེས་སྟོབས་འབར་བའི་ཕ་ཡུལ།
苯教像雄的精神家园

བོད་ལྗོངས་གླེང་ན་མི་སུ་ཡིས་ཀྱང་ལྐོག་གྱུར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཐོས་མྱོང་ཡོད་པ་རེད། འོན་ཀྱང་ངེས་པར་དུ་བོད་ལྗོངས་ཆོས་ལུགས་རིག་གནས་ལ་རྒྱུས་ལོན་བྱེད་དགོས་པ་དང་ཞོར་དུ་བོད་ལྗོངས་ཐོག་མའི་ཆོས་ལུགས་བོན་པོ་ལ་ངེས་པར་དུ་གཤིབ་ནས་རྒྱུས་ལོན་བྱེད་དགོས་པ་རེད། བོན་པོའི་ཆོས་ལུགས་ལོ་རབས་གང་མཚམས་ཞིག་ནས་བྱུང་བར་ཏན་ཏན་གྱི་བདེན་དཔང་ཞིག་མེད་ནའང་། བོན་པོ་ཁོ་ རང་ཚོས་བཤད་པ་ལྟར་ན་མི་ལོ་3800རིང་གི་ལོ་རྒྱུས་ཡོད་པ་རེད། བོན་པོའི་རིག་གནས་ཀྱི་འབྱུང་རྩ་རྒྱུན་རིང་པོ་ང་ཚོའི་ཉམས་མྱོང་གི་གཞི་ཁྱོན་ལས་འདས་པས། དེའི་ཤུགས་རྐྱེན་ཡང་ཧ་ཅང་ཆེ་བ་རེད། འོན་ཀྱང་ཐག་བཅད་ཆོག་པ་ཞིག་ནི། བོན་པོའི་བྱུང་བ་དང་། ཆགས་གྲུབ། ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཡ་གླིང་ནུབ་མ་དང་། ལྷོ་མ། ཤར་མ་སོགས་ཀྱི་མི་རིགས་ཆོས་ལུགས་ཀྱི་ཤུགས་རྐྱེན་གང་རུང་ཐེབས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆས་ཀྱང་ཟིན་ཡོད་པ་རེད། བོན་པོའི་འཕེལ་འགྲིབ་ཡང་། གནམ་གཤིས་དང་། ས་བཅུད། མི་དང་གསུམ་གྱི་ཕན་ཚུན་སྣོལ་བ་ལས་འགྱུར་བ་ཐེབས་པ་རེད།
ལོ་རྒྱུས་ཞིབ་འཇུག་པ་ཁ་ཤས་ཀྱི་ཞིབ་དཔྱད་གཞི་བཟུང་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི་ཤག་ཐུབ་དང་དུས་རབས་གཅིག་གི་མི་རུ་བཞེད་ཅིང་། ཁ་ཤས་ཀྱིས་ཤག་ཐུབ་ཀྱི་ཕྱིས་སུ་བཤད་མོད། འོན་ཀྱང་དངོས་ཡོད་གང་ཡིན་ཀྱང་། འདིའི་ང་ཚོ་བསྐལ་བ་ཡ་ཐོག་ཅིག་ཏུ་འཁྲིད་འགྲོ་བས། གང་ལྟར་ཀྱང་བོན་པོའི་ལོ་རྒྱུས་དག་རྒྱལ་བོའི་ལམ་ལུགས་ལས་ཀྱང་ཡུན་རིང་པ་དང་ཐུབ་བྷོད་རྒྱལ་རབས་མ་ཚུགས་གོང་བོན་པོ་ཡོད་པ་མ་ཟད། བོད་རྒྱལ་ཐོག་མའང་བོན་པོ་དག་གིས་ངེས་འཛིན་བྱས་པ་དང་མངའ་གསོལ་མཛད། དེའི་སྐབས་སུ་བོན་པོའི་ཆོས་ལུགས་ནི་བོད་རྒྱལ་འདིས་ཆོས་ལུགས་ཡིན་པ་རེད།

གནས་རི་དང་ཆུ་བོ་གོམ་གྱིས་འཇལ།   གནའ་ཤུལ་གྱི་མཛེས་ཉམས་ཞིབ་དུ་བལྟས།
行走神山圣水         一探遗址风貌

རྒྱའི་ལོ་རྒྱུས་(唐会要)ཐང་ཧོས་ཡོ་ནང་བཀོད་པ་ལྟར་ན། “(大羊同)ཞེས་པ་༼ཞང་ཞུང་བར་མ༽ཤར་ཐུབ་བྷོད་ལ་འབྲེལ་ཡོད་ལ།  ནུབ་(小羊同)༼ཞང་ཞུང་ཕུགས་པ༽ལ་འབྲེལ་ཡོད། བྱང་ཐད་ལི་ཡུལ་དང་ཤར་ནུབ་ལེ་དབར་སྟོང་ཕྲག་ཡོད་ཅིང་།དམག་ཁྲི་བརྒྱད་དགུ་ཙམ་ཡོད”འདི་ལ་ལྟོས་ཏེ་ང་ཚོས་རྟོགས་ཐུབ་པ་ཞིག་ནི་གནའ་བོའི་ཞང་ཞུང་གི་སྟོབས་འབྱོར་དང་འཕེལ་རྒྱས། མངའ་ཐང་སོགས་ཧ་ཅང་རྒྱ་ཆེ་བ་དང་། དམག་ཤུགས་ཀྱང་སྟོབས་ཆེ་བ་ཡོད་པ་རྟོགས་ཐུབ། ཡིན་ནའང་རྒྱལ་རབས་འདི་འདི་ལྟར་ལྐོག་གྱུར་དུ་བརླག་པས་རྗེས་རབས་པ་ཚོར་གནའ་རབས་ཀྱི་གསང་བ་གང་མང་ཞིག་བཞག

སེམས་པ་དེ་ཡིས་ཆེད་དུ་འཕར།།   ཡིད་དབང་དེ་ཡིས་འཕྲོག་པར་གྱུར།།
心为之动             神为之夺

ཞང་ཞུང་རྒྱལ་ཁབ་ནི་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། ཡུན་རིང་པོའི་རིག་གནས་ཞིག་ཀྱང་ཡིན་པ་རེད། རིག་གནས་འདིའི་སྙིང་སྟོབས་དང་ཤུགས་རྐྱེན་ནི་བརླག་པར་དཀའ་བ་ཡིན། དེ་ནི་མདོ་དབུས་མཐོ་སྒང་གི་བབ་ཆགས་ཀྱི་རང་བཞིན་དང་། ཕུན་སུམ་ཚོགས་པའི་ཉིང་བཅུད་དང་གཞི་གཅིག་ཏུ་འདྲེས་ཡོད་པས་རེད། འོན་ཀྱང་། རྒྱལ་ཁ་ལ་ཧུར་བརྩོན་བྱེད་པའི་དུས་རབས་འདིར། ཞང་ཞུང་རྒྱལ་རབས་ནི་ངག་རྒྱུན་ཙམ་གྱིས་རྒྱང་ལ་འཁུར་འདུག་པས། བོད་རང་ས་དང་ཆེད་ལས་མཁས་པའི་བརྩམས་ཆོས་གང་ཡིན་ཀྱང་། ཞང་ཞུང་ནི་དེ་འདྲའི་རྒྱང་རིང་དུ་གྱེས་འདུག ཞང་ཞུང་གིས་བཞག་པའི་བག་ཆགས་དང་རེ་སྨོན་གཞི་བཟུང་ཐོག་རྩོམ་པ་པོ་མངའ་རིས་ས་ཁུལ་གྱི་མུ་མཐའ་བྲལ་བའི་རི་ཐང་དང་ནགས་ཚལ་གྱི་ཟབ་སར། ཆུ་བོ་ཡི་འགོ་ཁུངས། ཞིག་རལ་དུ་གྱུར་བའི་བྲག་ཕུག་སོགས་བཙལ་ནས། མུ་མཐའ་བྲལ་བའི་མཐོ་སྒང་སྟེང་། སྔར་ཡོད་མྱོང་བའི་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་ཁོངས་སྟེང་ནས་རྩོམ་པ་པོ་ཞང་ཞུང་ལ་བསྐྱོད་པ་དང་། ཞང་ཞུང་ནས་ཡོང་བ་སོགས་ཀྱི་མྱོང་ཐོས་སོགས་ཀྱིས།        སེམས་པ་དེ་ཡིས་ཆེད་དུ་འཕར། ཡིད་དབང་དེ་ཡིས་འཕྲོག་པར་གྱུར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *