མནྡལ་རྟེན་མཚོན་༼དད་རྟེན་ཉི་ཟླའི་འོད་རླབས།༽ཕྱོགས་གཅིག་ཏུ་འགོད་རྒྱུ།
རྩོམ་ཡིག་འདི་ཐེངས། 2062 བཀླགས་འདུག
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱིས་རིས་མེད་བསྟན་འགྲོ་སྤྱི་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བའི་དོན་ཕྱིར་མཛད་འཕྲིན་རྒྱ་མཚོའི་རླབས་ཀྱིས་ས་སྟེང་ཤར་ནུབ་ཡོངས་སུ་ཁྱབ་པའི་དུས་འདིར་རིན་པོ་ཆེ་རྣམ་གཉིས་ལ་འཛམ་གླིང་ཤར་ནུབ་གང་སར་བཞུགས་པའི་དད་ལྡན་བོན་འབངས་ཡོད་དོ་ཅོག་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཀའ་དྲིན་ཐུགས་རྗེའི་ལེགས་མཚོན་དུ་ཕྱི་ལོ་ ༢༠༡༦ ལོའི་ཟླ་བ་ ༤ ནང་མཆོད་འབྲེལ་མནྡལ་བརྟན་བཞུགས་རྒྱས་འབུལ་གྱི་མཛད་སྒོ་ཆེན་མོ་རེ་གཡུང་དྲུང་བོན་གྱི་གདན་ས་༧དཔལ་གཤེན་བསྟན་སྨན་རིའི་གླིང་དང་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་རྒྱུའི་གནས་ཚུལ་འབྲེལ་ཡོད་བརྟན་བཞུགས་གོ་སྒྲིག་ཚོགས་པས་ཟླ་གཅིག་གོང་ནས་གསལ་བསྒྲགས་གནང་ཟིན་ལྟར། འདི་ག་རྒྱལ་གཤེན་བོན་སྒྲས་ཀྱང་རིན་པོ་ཆེ་རྣམ་གཉིས་ལ་མནྡལ་འདེགས་མཚོན་དུ་རང་རེའི་བོད་ཕྱི་ནང་གི་རྩོམ་པ་པོ་རྣམས་ཀྱིས་ཕུལ་བའི་སྙན་རྩོམ་ཁག་༼དད་རྟེན་ཉི་ཟླའི་འོད་རླབས།༽ཞེས་པའི་ཁ་བྱང་འོག་༼རྒྱལ་གཤེན་བོན་སྒྲ་༽རུ་མུ་མཐུད་ནས་འགོད་རྒྱུ་ཡིན་པས་མཁྱེན་ལྡན་ཞང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་དེ་འབྲེལ་རྩོམ་ཡིག་རེ་གཤམ་གསལ་གློག་འཕྲིན་བརྒྱུད་བསྐུར་གནང་བར་ཞུ་རྒྱུ་དང་། དེ་བཞིན་བོད་ཕྱི་ནང་གི་སྙན་ངག་པ་བརྒྱ་ལྷག་ལྷན་དུ་འཛོམས་པའི་སྙན་ངག་གླེང་སྟེགས་(རྒྱལ་གཤེན་སྙན་ངག་གླིང་།)དུ་ཕུལ་བའི་མནྡལ་རྟེན་དོད་ཀྱི་རྩོམ་ཡིག་རྣམས་ཀྱང་གཤམ་གསལ་རྩོམ་རིག་སྡེ་ཚན་དུ་རིམ་པས་འགོད་འཆར་ཡིན་ཞུ་ཞུ། །
རྒྱལ་གཤེན་བོན་སྒྲས་ཕུལ།
བསམ་ཚུལ་ཕྲིས།