གདུང་མཆོད་དང་མིག་ཆུའི་མཆོད་པ། 

རྒྱལ་གཤེན་བསྟན་པ་རྒྱས་པའི་གཙུག་གི་ཏོག། དབང་ལུང་མན་ངག་རྒྱ་མཚོའི་བང་མཛོད་སྟེ།། བཤད་དང་སྒྲུབ་པའི་འཁོར་ལོ་བདག་གིར་བ།། ཡབ་ཆེན་བླ་མ་དམ་པས་འདིར་གསན་མཛོད།།

རིན་པོ་ཆེ། ཁྱེད་གང་དུ་བཞུགས།

༡༽སྙིང་ཁར་ཆུ་འཁྱག་ཕོར་བ་གང་བླུག་ཀྱང་འདི་ལས་ལྷག་པའི་གྲང་ངར་ཞིག་ཨེ་ཡོད། གཤིན་རྗེའི་འཕྲང་དུ་ཉི་མ་བརྒྱར་འགྲིམས་ཀྱང་འདི་ལས་ལྷག་པའི་སྡུག་བསྔལ་ཞིག་ཨེ་ཡོད། ཡོད་རྒྱུ་མ་རེད། ཅི་འདྲའི་གཏམ་ངན་རེ་རྣ་བར་ཐོས་རྒྱུ་འདུག ཅི་འདྲའི་གནས་ཚུལ་རེ་དྲ་ཐོག་ནས་མཐོང་རྒྱུ་འདུག གཏམ་ངན་དེས་ངའི་སྙིང་ཁ་དྲོན་མོ་འཁྱག་ལ་སྦྱར། གནས་ཚུལ་དེས་ངའི་སེམས་པ་སྐྱིད་པོ་སྡུག་གིས་མནན། ཉིན་དེའི་ཕྱི་དྲོར་ངའི་བླ་མ་དག་ཞིང་དུ་ཕེབས་འདུག་ཟེར། ཡིན་རྒྱུ་མ་རེད། བདེན་རྒྱུ་མ་རེད། ཉི་མ་དེར་ཡར་གྱི་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་ཡོད། བར་གྱི་ལྷ་སྲུང་ལ་དམ་ཚིག་བརྡར་བཞིན་ཡོད། ཡུལ་ས་གཞི་བདག་ལ་འཕྲིན་ལས་བཅོལ་བཞིན་ཡོད། ནག་ཕྱོགས་བདུད་སྲིན་ལ་སྦྱིན་པ་གཏོང་བཞིན་ཡོད། དཀོན་མཆོག་ཚོ་གང་དུ་གཤེེགས་སོང་། ལྷ་སྲུང་ཚོ་གང་དུ་བྲོས་སོང་། ། /

ངག་གི་བདེ་གཤེགས།

བསོད་ནམས་དམན་པའི་སེམས་ཅན་ལ།། བདག་ནི་ཉི་ཟླ་བཞིན་དུ་འབྱོན།། བསྐལ་བའི་བས་མཐའ་ཚུན་ཆོད་དུ།། བདག་གི་འོད་ཟེར་ཁྱབ་པར་བྱ།། ། བདག་ནི་དུས་མཐའི་སྟོན་པ་ཉིད།། དེ་བཞིན་གཤེགས་པའི་གླུ་དབྱངས་ལེན།། སུ་ཞིག་དད་པའི་ཉམས་བསྟན་ཡང་།། དེའང་དེ་བཞིན་རྗེས་འཛིན་མཛད།། ། སྙིང་རྗེ་འཁྲིགས་པའི་མེ་ལོང་ལས།། གང་དག་སེམས་ཅན་རྡུལ་བཞིན་འཚུབ།། གང་ན་དམན་པའི་ཀུན་སྤྱོད་སོགས།། སྤེན་མགོའི་ཆུ་བཞིན་སྤྲུག་པར་བྱ།། ། བདག་ཉིད་སངས་རྒྱས་སར་བཞེངས་ཏེ།། ཉོན་མོངས་རྣམ་པར་དག་པར་འབྱིན།། དེ་ཚེ་དེ་བཞིན་གཤེགས་པ་ལྟར།། སེམས་ཅན་མགོན་ཡང་དེ་བཞིན་མཛད།།                              2017/ 8/ 1

རྩེ་ཞིག་ཚང་གི་སྐུ་བསྟོད་ནོར་བུ་འོད་འབར་དགོས་འདོད་ཀུན་འབྱུང་།

                         མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཕྲེང་བ་ལས།།              ཡང་རྩེ་མཆོག་གྱུར་བླ་མེད་རྩེ་ཞིག་པ།།              མདོ་སྨད་བསྟན་དང་འགྲོ་བའི་མགོན་པོ་ཆེ།།              ཤེས་རབ་མཁའ་ལ་འཆར་བའི་ཟླ་བ་མཆོག། །

ཕ་ཡུལ་ལུང་པ།   

། དགའ་སྡུག་ཡིད་ཀྱི་སོར་རྩེར་ཁེན་པའི་ཕ་རོལ་འཛིན་མའི་འཕང་བ་རུ།། ངོམས་མེད་ལྟ་བའི་སེམས་ཀྱི་རྨུ་ཐག་ལ་གཞུང་རྒྱུད་ནས་མཐེན་པ་ན།། སྐྱེ་བ་གཅིག་གི་ལང་ཚོ་འཕོས་པའི་སྒྱུ་མའི་ཀློང་གི་ཨར་གཏད་འདིར།། མི་ཕྱེད་རྟོག་པའི་ཞེན་པ་རབ་མེད་གཡེར་བག་དང་བཅས་བྱོ་ས་ཡིན།། །