ངག་དབང་སྒྲ་དབྱངས་རྒྱལ་མོར་མཆོད་པའི་རོལ་མོ།

། ཕུལ་བྱུང་སྐུ་ལ་མཚན་དཔེ་རྣམ་པར་བཀྲ།། བརྒྱད་གཉིས་ལང་ཚོའི་དཔལ་གྱི་འཇོ་སྒེག་ཅན།། ཟབ་རྒྱས་ལེགས་བཤད་ངག་གི་དཔལ་དུ་འདྲེན།། མ་ཅིག་ཨེར་སངས་ལྷ་མོས་ཤིས་པ་སྩོལ།།

ཚོར་སྣང་ནར་མ། ༼ཞར་བཀོད་གཅིག༽

། ། མཉམ་པ་ཉིད་ཀྱི་སྤྱིལ་བུ་ནས་སྣང་བའི་རང་གཟུགས་ཉམ་ང་བའི།། ཡིད་ཀྱི་ཕོ་བྲང་བཞེངས་པའི་གར་མི་ཟད་ལེགས་ཚོགས་འཇོ་བའི་མ།། རབ་འབྱམས་སྲིད་ཞིའི་བ་གམ་ནས་མེས་པོའི་རི་དར་སྐྱོར་མོད་ཀྱང་།། གང་ཞིག་འབྱོར་ལ་རྗེས་ཆགས་པའི་འགྲོ་བའི་མི་ཀུན་དེ་ལ་སུན།།

ནམ་མཁར་རྡོག་བརྫིས།

ནམ་མཁའ་མགོ་ལ་བཀུར་བ་ཡུན་རིང་ཡིན།། ས་གཞི་རྐང་བས་བསྣོག་པ་ཉུང་ཉུང་མིན།། དེ་རིང་གཞི་ནས་རྐང་བ་བཀྱགས་ནས་ཡོད།། ནམ་མཁའི་རལ་བ་རྡོག་པས་མནན་ནས་ཡོད།།

བོར་ལ་ཉེ་བའི་སྙན་ངག་དེ་ལ། བདག་པོ་བྱེད་རོགས།

། ༡༽ ཁ་བ་བུ་ཡུག་བཞོན་ནས་དགུན་གྱི་གྲང་ངར་བསླེབས་བྱུང་། ང་རང་ཁེར་རྐྱང་ངང་གྲང་ངར་ལ་གདོང་གཏད་དུས། ཁྱོད་ཀྱིས་ངའི་སེམས་ཁོང་ལ་མེ་དྲོད་བསྒྲོན་མྱོང་ལ། བརྩེ་དུང་གི་ལམ་ཕྲན་བརྒྱུད་ནས།