ཨེ་མ་དགེའོ་ནམ་མཁའ་གནོན།

རྩོམ་ཡིག་འདི་ཐེངས། 531 བཀླགས་འདུག

 IMG_5727

/

མཁྱེན་དཔྱོད་ཟླ་བའི་མ་མ་ལས།།

ལེགས་པར་འཁྲུངས་པའི་ཆུ་ཐིགས་རེས།།

མཁས་དགུའི་མགྲིན་པ་ནེམ་བྱེད་པའི།།

དབྱངས་ཀྱི་ཆུ་བོ་འདི་ན་བྲུག།

ཏི་སེའི་གངས་དང་ན་མཉམ་པའི།།

ཞང་བོད་ལུགས་ཟུང་སེང་གེའི་སྐད།།

མི་རིང་གོ་ལའི་གར་སྟེགས་སུ།།

འུར་འུར་སྒྲོགས་ལ་དགའ་བ་འཕེལ།།

འདི་ལྟའི་ལེགས་བཤད་ཆ་རེ་ཡིས།།

གནད་ཀྱི་གསང་བ་གཏོར་བ་སྟེ།།

ཟབ་གསལ་གསུང་གི་འབྲུ་ཏིག་རེར།།

གསེར་སྲང་སྟོང་གིས་འཚེང་བར་དཀའ།།

མཁས་དགུ་སྟག་སེང་འདུས་པའི་ཁྱུར།།

ཉིད་ཀྱི་ཟབ་གནད་གདོང་ལྔའི་དབྱངས།།

ཞང་བོད་རིག་པའི་གྲོས་སུ་བཏབས།།

ཨེ་མ་དགེའོ་ནམ་མཁའ་གནོན།།

རྒྱལ་གཤེན་བསྟན་པའི་ཆ་རྐྱེན་དུ།།

ལེགས་པར་བསྐྲུན་པའི་གླིང་ཚོམས་ཀྱིས།།

འདི་ལྟའི་མཛད་བཟང་བསྐྱངས་བ་ལ།།

ལེགས་གསོལ་མེ་ཏོག་ཚོམ་བུར་བཀོད།།

ཞྭ་དཀར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་ནམ་མཁས་དབང་གངས་སེང་མཆོག་གིས་རིན་བྲལ་གྱི་གསུང་རྩོམ་འདི་མི་རིང་བར་ཐོན་ལ་ཉེ་བར་སྙིང་དབུས་ནས་དགའ་བསུ་དང་གུས་འདུན་ཞུའོ།།

 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *