ཁྱོད་རང་འདི་ལྟར་བཞུད་སོང་ངམ།

གཅིག ཉག་ག་ཕ་གིའི་རི་བོ་དེ་ནི་ཁྱོད་ཀྱི་མི་ཚེའི་རྒྱབ་རི་ཡིན མིག་རྒྱང་གང་གི་རྐང་ལམ་དེ་ནི་ཁྱོད་ཀྱི་བཤུལ་ལམ་ཕྲ་མོ་ཡིན ཁྱོད་ཀྱི་མིག་ཟུང་ནི་ཚེ་འབར་གྱི་མར་མེ་ཡིན