«འབྱམས་སུ་ཀླས་པའི་ངག»ཅེས་བྱ་བ།
། འཆི་བའི་རི་སུལ་རྡུལ་དང་ཁ་བས་གཡོགས་ཤིང་།། ངག་གི་ས་ཆེན་མུན་པའི་ཡོལ་བར་འདྲེས་པའི།། བདག་ཉིད་དུག་ལྔ་ཁུར་བའི་མགྲོན་པོ་ཞིག་སྟེ།། ཉམ་ངའི་གཙང་བོའི་ཁ་རུ་གཅིག་པུར་ལུས་ཀྱང་།། དོན་དམ་ཟེའུ་འབྲུ་རྡོལ་སའི་གླེགས་བམ་ཁུད་ཀྱི།། སྐྱོ་སྣང་མགུར་ལ་འདྲེན་པའི་རིག་འཛིན་གོང་མའི།། ཞལ་དང་སོར་མོས་རེག་པའི་བརྩེ་བ་དཀར་པོའི།། རྗེས་སུ་ཆགས་པའི་འགྲུལ་བ་ང་ཙམ་མ་བྱུང་།།