མངའ་རིས་ནས་ལོ་ ༡༨༠༠ ཡར་སྔོན་གྱི་ཇ་ལོའི་ཤུལ་དངོས་རྙེད་པ།
ཚན་རིག་གི་བདེན་དཔང་གསར་ཤོས་ལས་མངོན་པ་ལྟར་ན། ལོ་༡༨༠༠ ཙམ་གྱི་སྔ་རོལ་དུ་འཛམ་གླིང་ན་སྙན་གྲགས་འབར་བའི་དར་གོས་འགྲུལ་ལམ་དེ་ཕལ་ཆེར་གངས་ལྗོངས་ས་མཐོར་སྲིང་ཡོད་པ་དང་། དེས་རྒྱ་མཚོ་ངོས་ལས་མཐོ་ཚད་ལ་སྨི་ ༤༥༠༠ ཙམ་ཡོད་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཇ་ལོ་སོགས་ཀྱི་དངོས་ཟོག་སྐྱེལ་ཡོད་པ་རེད།