སོ་སྐྱེའི་སྙན་ངག་བརྒྱ་བ། (དབྱིན་སྒྱུར།)

/ An Ordinary Person’s Poems of One Hundred Verses ། སྐྱེ་བ་སྐྱེ་བར་གསེར་མདོག་གི ། ཞིང་གྲོང་ཉུལ་བའི་རླུང་བུར་ཤོག ། རླུང་བུ་དེ་ཡིས་བསྐལ་པའི་བར། ། གང་སར་འཁྱེར་བའི་དྲི་ཞིམ་ཤོག ། ། From life to life, may I be born as breezes that linger in the golden villages. For aeons, may this breeze carry beautiful scents everywhere.