རྒྱ་དཀར་ནག་དང་སོག་པོའི་ཤུགས་རྐྱེན་དག་འཕུད་པའི་བོད་རང་ལ་ག་རེ་ཡོད།

། གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཡུ་རོབ་ནང་སྐོར་སྐྱོད་དང་བསྟུན་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢ ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་གྲོས་ཚོགས་སྤྱི་གླིང་དུ། རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོན་གྱི་ལོ་རྒྱུས་མཁས་པ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ལ། རྒྱལ་སྤྱིའི་བོད་རིག་པའི་ད་ལྟའི་གནས་སྟངས་དང་གཡུང་དྲུང་བོན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས།