གསེར་གྱི་ཉི་མ་འོད་ཆེན་ནུབ་ཏུ་བཞུད།

མཁའ་ཡི་ཉི་མ་ནུབ་པའི་དགོང་མོ་སྟེ།། དོག་གི་དྭ་ཕྲུག་ངུས་པའི་མིག་སྒོ་རུ།། སྣང་སྲིད་མིག་ཆུ་རློན་པའི་འཇིག་རྟེན་ཞིག།། འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་དུ་ཚེས།།