སྨན་རིའི་ཁྲི་འཛིན་༣༤པ་གསར་དུ་བདམས་ཐོན་བྱུང་བ།

རྩོམ་ཡིག་འདི་ཐེངས། 1160 བཀླགས་འདུག

unnamed-5            གཞིས་བྱེས་བོན་འབངས་ཡོངས་ཀྱི་སྤྱི་མགོན་དམ་པ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་དབུ་ཁྲིད་དཔལ་ལྡན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་བ་གསར་དུ་བསྐོ་ཕྱོགས་ཀྱི་ཐད་། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སློབ་དཔོན་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། ༧སྐྱབས་རྗེ་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། བོན་གྱི་གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་སོགས་བོད་ཕྱི་ནང་གང་སར་བཞུགས་པའི་འབྲེལ་ཡོད་བོན་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་བོན་གྱི་གནད་ཡོད་མི་སྣ་མང་པོར་བཀའ་བགྲོས་ཡང་ཡང་བྱས་མཐར་སྔར་སྲོལ་ལྟར་བོན་གྱི་གདན་ས་ཆེན་མོ་དཔལ་གཤེས་བསྟན་སྨན་རིའི་གླིང་དུ་སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༡༩ ཉིན་རྟགས་སྒྲིལ་གྱི་ཁོངས་སུ་ཞུགས་པའི་རྒྱལ་བ་སྨན་རི་ཚང་གི་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་རྣམས་ཆད་ལུས་མེད་པར་སྨན་སྤོས་དྲི་བཟང་སྦྱར་ཏེ་ཟན་བསྒྲིལ་ཞུས་པ་དང། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༢༡ ཉིན་རྟགས་སྒྲིལ་གྱི་བྱེད་སྒོ་ཁག་ལ་གེགས་དང་བར་ཆད་མེད་ཅིང་ཐམས་ཅད་ལྷུན་གྱིས་འགྲུབ་ཕྱིར་སྣ་སེལ་གྱི་རིམ་གྲོ་སྟེ། རྒྱུན་བཞིའི་གེགས་སེལ་གྱི་བོན་སྤྱོད་གནང་། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་༢༢ཉིན་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་གསུམ་རྒྱལ་མོ་གཙོས་ཡི་དམ་ལྷ་དང་སྲུང་མའི་ཚོགས་ལ་མཆོད་ཚོགས་རྒྱས་འབུལ་བཅས་རྟགས་སྒྲིལ་གྱི་སྒྲུབ་པ་དངོས་སུ་དབུ་འཛུགས་ཞུས།

་་་་་་/་་་་་་

           ་གཤེན་གྱི་འབྱུང་ལྡན་སུམ་བརྒྱ་གཅིག་བོད་མེ་བྱ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ཉིན་ཏེ། སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༢༧ གཡུང་དྲུད་བོན་གྱི་གདན་ས་ཆེན་པོ་དཔལ་གཤན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་དབུ་བཞུགས་ཐོག་༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་གསར་བདམས་ཀྱི་དངོས་གཞིའི་རྟགས་སྒྲིལ་དང་པོ་བསྒྲིལ་པ་དང་།unnamed-1་་་་་་་་་་་་་གོང་ཚེས་ཉིན་སྐྱབས་རྗེ་དཔོན་སློན་རིན་པོ་ཆེ་མཅོག་དང་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་སྨན་རིའི་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་ནས་རྟགས་རིལ་གྱི་སྒྲུབ་བུམ་ཚོགས་ཆེན་འདུ་ཁང་དུ་གདན་འདྲེན་ཞུས་ཤིང་གྲྭ་མང་ནས་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ལ་འཕྲིན་ལས་ནན་ནས་བསྐུལ་བ་ལས་དངོས་གཞིའི་རྟགས་སྒྲིལ་དང་པོའི་ཁོངས་ནས་རྟགས་རིལ་གཉིས་ངོ་མཚར་གྱི་རྟགས་དང་བཅས་ཐོན་པ་བྱུང་། unnamed-2་་་་་་་་་་་་་་་སླར་ཡང་རྟགས་སྒྲིལ་དང་པོའི་ཁོངས་ནས་ཐོན་པའི་རྟགས་རིལ་གཉིས་སྒུབ་བུམ་དུ་བཅུགས་ནས་སྒྲུབ་ཁང་དབང་དྲག་འབར་བའི་ཕོ་བྲང་དུ་གདན་ཞུས་ཀྱིས་ཡི་དམ་ཀུན་འདུས་ཀྱི་ངོ་ཁྲོ་མཆོག་དབལ་གསས་རྔམ་པའི་གཞུང་བསྲིང་ཞིང་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཚོགས་མཆོད་རྒྱས་འབུལ་གྱིས་མུ་མཐུད་དུ་སྒྲུབ་གནང་མཛད།
unnamed-4

་་་་་་་་་་་་་་་་་་་ཕྱི་ལོ་ ༢༠༡༨ ཟླ་བ་དང་པོའི་ཚེས་དང་པོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དམ་ཅན་བོན་སྐྱོང་སྲུང་མར་བདེན་པ་བདར་བའི་འབྲས་རྟགས་སུ་རྟགས་སྒྲིལ་དང་པོ་སྨན་རིའི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་མདོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དུ་བབས་གནང་འདུག་པ་དང་། དེ་མ་ཐག་བོན་གཞིས་ཐོབ་རྒྱལ་གསར་པའི་སྐྱ་སེར་མི་མང་ཡོངས་ནས་ཀི་བསྭོ་ལྷ་རྒྱལ་འཐེན་ཞིང་དགའ་བའི་མེ་ཏོག་གཏོར་ཏེ་རྟེན་འབྲེལ་གྱི་དར་ཁ་འདེགས་འབུལ་གྱིས་མཇལ་ཁ་ཞུས་ཡོད་པ་དང་།

unnamed་་་་་་་་་་་་་་རྟགས་སྒྲིལ་གཉིས་པ་སྨན་རིའི་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་ཁྱུང་ལུང་དགེ་བཤེས་དགེ་ལེགས་རྒྱ་མཚོ་ལགས་ལ་བབས་ཡོད་པ་བཅས་ཀྱི་རྟེན་འབྲེལ་ཁྱད་དུ་འཕགས་པ་བྱུང་ཡོད་པ་བཅས་གནས་ཚུལ་མདོར་བསྡུས་ཤིག

སྤྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༡ ཉིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *