༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

རྩོམ་ཡིག་འདི་ཐེངས། 1511 བཀླགས་འདུག

19884423_1389774267769986_4587260954823010814_nIMG_0264IMG_0263

ལོ་རེའི་སྤྱི་ཟླ་ ༧ པའི་ ༩ ནི་གཞིས་བྱེས་བོན་འབངས་ཡོངས་ཀྱི་གཙུག་ནོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ།  འདི་ལོར་ཡང་བོད་གཞིས་བྱེས་གཉིས་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་ཆེན་པོའི་སྐུ་མཆོག་གསེར་གྱི་ཉི་མ་འཛམ་གླིང་འདིར་བཞད་དེ་དགུང་གྲངས་ ༨༩ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད། IMG_0250IMG_0249
དེའང་སྤྱིར་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོན་འབངས་སྤྱི་དང་ཁྱད་པར་དུ་བོན་གཤེན་གླིང་དུ་དད་ལྡན་བོན་འབངས་ཁག་ཅིག་ལྷན་འཛོམས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྤྱན་སྔར་ཕྱི་ལུགས་ལྟར་སྤྲི་ཀོར་གྱི་མཆོད་པ་ཕུལ་ནས་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་བ་དང་། དེ་བཞིན་གདན་ས་ཆེན་པོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་ལྷ་རྒྱལ་རིར་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བསྟན་སྐྱོང་དམ་ཅན་རྒྱ་མཚོར་བསང་གསོལ་གྱི་མཆོད་པ་ཕུལ་བ་དང། བོན་ཕྲུག་བདེ་དོན་གྱི་ཐང་ཆེན་དུ་སློབ་ཕྲུག་གཙོས་སྐྱ་སེར་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཀྱིས་ལྷ་མི་དགྱེས་པའི་གླུ་གར་ཞབས་བྲོ་སོགས་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་ཅིང་རྒྱས་པ་ཞུས་འདུག

IMG_0244IMG_0245IMG_0243

དེ་བཞིན་བོད་ཕྱི་ནང་ཀུན་ནས་དགོན་གྲོང་སྤྱི་སྒེར་མང་པོས་སྐུའི་འཁྲུངས་སྐར་གྱི་ཆ་ཤས་བླངས་ཡོད་ཅིང་། དཔེར་ན། བལ་ཡུལ་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་ཁག་ཅིག་གིས་༧རྒྱལ་བ་སྨན་རི་བ་མཆོག་དགུང་གྲངས་ ༨༩ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་ཆེན་མོ་སྲུང་བརྩི་ཞུས་པའི་རྣམ་པ་དྲ་ལམ་མང་པོར་མཇལ་དུ་ཡོད་པ་བཅས་མང་ངོ། དེར་མ་ཟད་སྐུའི་འཁྲུངས་སྐར་ཉིན་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཀྱང་གཞིས་བྱེས་མདོ་སྨད་པ་ཡོངས་ཀྱི་ཚབ་ཞུས་ཏེ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་༨༩ ལ་ཕེབ་པར་འཚམས་འདྲིའི་ཤིས་ཚིག་ཅིག་ཕུལ་ཡོད་པ་བཅས་སོ། །

 

པར་རྣམས་སྤྱི་ཚོགས་དྲ་བ་ཁག་ལས་བཏུས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *