ཁམས་ཕྱོགས་སུ་མཛད་འཕྲིན་སྐྱོང་བཞིན་པའི་བོན་གྱི་དགེ་བཤེས་ཁག་ཅིག

རྩོམ་ཡིག་འདི་ཐེངས། 293042 བཀླགས་འདུག

Screen Shot 2017-06-03 at 8.35.58 AM

༧རྗེ་བདག་ཉིད་ཆེན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན། (རྒྱལ་བ་གཉིས་པ།)

ད་ལྟའི་དུས་འདིར་དགོན་སྡེ་ཚད་ལྡན་ཞིག་བྱ་དགོས་ན་གཙོ་བོ་འཆད་ཉན་གྱི་སྡེ་མེད་པ་ནས་ཡོད་པ་དང་།   ཉམས་པ་རྣམས་གསོ་སྐྱོང་གི་བྱ་བས་བཤད་སྒྲུབ་སློབ་གཉེར་བ་མང་པོ་རྩ་འཛུགས་དང་གཉོར་སྐྱོང་བྱས་ཏེ།   འཆད་ཉན་ཟབ་མོའི་སྒོར་འཇུག་དགོས་རྒྱུ་ནི་༧རྗེ་སྨན་རི་བ་ཆེན་པོའི་ཞལ་སྔ་ནས།   དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་བསྟོད་འོས་ཏེ། །བདེ་ཆེན་ལམ་སྟོན་སངས་རྒྱས་ཀྱི། །བསྟན་པ་དེ་ཡིས་འཛིན་པ་ཡིན། །ཞེས་གནད་ཆེན་པོའི་སྒོ་ནས་གདམས་པ་ལྟར།

དེང་གི་དུས་འདིར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་བཤད་སྒྲུབ་སློབ་གཉེར་བྱ་བའི་ཁོར་ཡུག་གི་ཚ་རླབས་གསར་བ་ཞིག་དྲག་ཏུ་འཁྱིལ་བཞིན།   རྒྱལ་བསྟན་ཡོངས་རྫོགས་ཀྱི་ངོ་བོ་ལུང་རྟོགས་གཉིས་ལྡན་གྱི་བསྟན་པ་རིན་པོ་ཆེའི་ཉམས་རྒུད་སྐྱོབ་པའི་དུས་རབས་ཤིག་ཏུ་འཁེལ་ནས་ཡོད་ལ།   རྒྱུ་མཚན་དེ་ལྟ་བུའི་འོག་ཕྱོགས་ཀྱི་ཡུལ་གྲུ་མང་པོར་བཤད་སྒྲུབ་ལས་གསུམ་གྱི་བགྱི་བས་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་གང་ལེགས་སྒྲུབ་པའི་བཤད་སྒྲུབ་འདུས་པའི་སྡེ་ཆེན་པོ་མང་དུ་བཞུགས་ཡོད་པ་ནི་ཤིན་ཏུ་ནས་ཀྱང་དགའ་འོས་པའི་གནས་སུ་མཐོང་ཆོག་ཆོག་རེད།
གནས་ཚུལ་དེ་དག་ལ་དམིགས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ནས་ཐོན་པའི་དགེ་སློབ་མང་པོ་ཞིག་གིས་ཀྱང་རྒྱལ་རོང་དང་།   ཉག་རོང་།   ལི་ཐང་དང་།  བྲག་འགོ་སྡེ་དགེ་སོགས་ཀྱི་དགོན་པ་དང་རི་ཁྲོད་མང་པོར་བཤད་སྒྲུབ་སློབ་གཉེར་བ་མང་པོ་སྐྱེད་སྲིང་བྱ་བའི་ལས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ལ་ཅུང་ཟད་ཕན་སྙམ་གྱི་ཀུན་སློང་གིས་མ་བཏང་བར་དོན་གཉེར་གྱིས་མི་དབུལ་བའི་སློབ་མ་དྲུག་བརྒྱར་ཉེ་བ་ཙམ་སྐྱོང་བཞིན་ཡོད་ལ།
ད་ལན་དབྱར་གྱི་ནམ་ཟླ་སྐྱིད་པའི་དུས་ཚོད་དང་བསྟུན་ཏེ་ས་གནས་དེ་དག་ཏུ་སྡོད་པའི་དགེ་རྒན་རྣམ་པ་གནས་གཅིག་གདན་གཅིག་ཏུ་མཉམ་འཛོམས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་ཁམས་ཕྱོགས་ཧོར་བྲག་འགོ་རྫོང་ཐོག་ཏུ་སྤྱི་ལོ༢༠༡༧ ལོའི་ཟླ་དྲུག་པའི་ཚེས་གཅིག་ནས་ཉིན་གསུམ་གྱི་རིང་ལ་བཤད་སྒྲུབ་བསྟན་པ་སྐྱོང་ཚུལ་དང་སློབ་མ་རྣམས་སྐྱེད་སྲིང་བྱ་ཚུལ།   སྔར་སོང་གི་ཉམས་མྱོང་དང་མ་འོངས་པའི་འཆར་གཞི་སོགས་ཀྱི་ཐད་ནས་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་བསམ་བློའི་བགྲོ་གླེང་གི་དུས་ཚོད་ཅིག་ཆེད་དུ་ཕུད་ནས་ཞར་ལ་སྤྲོ་སྐྱིད་དགྱེས་འཛོམས་ཀྱི་དཔལ་ལ་རོལ་བ་ཡིད་ཚིམས་པ་ཞིག་བྱས་ཡོད།
IMG_0299
གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ལ་ཕྱག་རྗེས་བསུབ་ཏུ་མེད་པ་བཞག་པའི་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པ་སྤྱི་ལོ༡༩༩༩ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་བཞུགས།
IMG_0300
གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ལ་ཕྱག་རྗེས་བསུབ་ཏུ་མེད་པ་བཞག་པའི་སྒོ་རིགས་དགེ་བཤེས་བསྟན་འཛིན་སྨོན་ལམ་སྤྱི་ལོ༡༩༩༤ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་བཞུགས།
IMG_0301དགེ་བཤེས་གདོང་བཙུན་རྒྱ་ཐར་སྤྱི་ལོ༢༠༠༦ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0302
དགེ་བཤེས་ཨ་འཆི་མེད་རྣམ་རྒྱལ་སྤྱི་ལོ༢༠༠༨ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།  ད་ལྟ་ཉག་རོང་བྱ་བཏང་བཙུན་མའི་བཤད་སྒྲུབ་འདུས་སྡེར་སློབ་མ་སྐྱོང་བཞིན་ཡོད།
IMG_0303
དམུ་རིགས་དགེ་བཤེས་བསྟན་འཛིན་དབང་གྲགས་སྤྱི་ལོ༢༠༡༡ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0304
ཁྲོ་ཚངས་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་སྤྱི་ལོ༢༠༡༡ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་སྡེ་དགེ་ཁྲོ་ཚངས་དགོན་ནང་བསྟན་ལྔ་རིག་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0305.PNG
དགེ་བཤེས་ཨ་ཀུན་གསལ་ཟླ་བ་སྤྱི་ལོ༢༠༡༡ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།    ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་སྡེ་རུ་སློབ་མ་སྐྱོང་བཞིན་ཡོད།
IMG_0307དགེ་བཤེས་ཧོར་རྣམ་རྒྱལ་སྤྱི་ལོ༢༠༡༢ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས། ད་ལྟ་སྡེ་དགེ་ཁྲོ་ཚངས་དགོན་ལྔ་རིག་ནང་བསྟན་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0306
ལི་ཐང་དགེ་བཤེས་ཚེ་རིང་འགྱུར་མེད་སྤྱི་ལོ༢༠༡༢ལོའི་རྔ་བ་སྣང་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་འགྲོ་མགོན་དགོན་ནང་བསྟན་ཤེས་རིག་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0309
དགེ་བཤེས་ཉག་བྱང་ཆུབ་ཟླ་བ་སྤྱི་ལོ༢༠༡༢ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་སྡེ་རུ་སློབ་མ་སྐྱོང་བཞིན་ཡོད།
IMG_0310
དགེ་བཤེས་ཀ་ཤུལ་བསོད་རིན་སྤྱི་ལོ༢༠༡༣ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།    ད་ལྟ་ཁམས་སྡེ་དགེ་རིན་སྤུངས་དགོན་ལྔ་རིག་བོན་གྱི་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0311
དགེ་བཤེས་དྲི་མེད་འོད་ཟེར་སྤྱི་ལོ༢༠༡༤ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་ཞང་བོད་ནང་བསྟན་རིག་གནས་ཐོས་བསམ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0315
དགེ་བཤེས་བློ་གྲོས་རབ་གསལ་སྤྱི་ལོ༢༠༡༧ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་ཤར་རྫའི་བཤད་སྒྲུབ་འདུས་སྡེ་རུ་སློབ་མ་སྐྱོང་བཞིན་ཡོད།
IMG_0316
དགེ་བཤེས་ནམ་མཁའ་གཡུང་དྲུང་སྤྱི་ལོ༢༠༡༧ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0317
དགེ་བཤེས་རིན་ཆེན་རྒྱལ་མཚན་སྤྱི་ལོ༢༠༡༧ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།  ད་ལྟ་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0318
དགེ་བཤེས་བསྟན་འཛིན་ནོར་བུ་སྤྱི་ལོ༢༠༡༧ ལོའི་རྔ་བ་སྣང་ཞིག་དགོན་གྱི་དགེ་བཤེས།   ད་ལྟ་རྒྱལ་རོང་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0319
དགེ་རྒན་ཆེན་མོ་ཁྱུང་སྲས་ཀུན་བཟང་རྣམ་རྒྱལ།   ད་ལྟ་རྒྱལ་རོང་བཙུན་མའི་ཆེས་མཐོའི་བཤད་སྒྲུབ་སློབ་གླིང་དུ་སློབ་མ་སྐྱོང་བཞིན་ཡོད།
IMG_0320
དེ་ལྟར་ཉིན་གསུམ་གྱི་རིང་ལ་བཤད་སྒྲུབ་སློབ་གཉེར་བྱ་བའི་ཕྱོགས་ནས་མ་འོངས་པར་ང་ཚོ་ཇི་ལྟར་ལམ་དུ་ཆས་དགོས་པ་དང་། སློབ་མ་ཚོར་སྨན་ངེས་པའི་ལམ་བཟང་དུ་སྐྱོད་ན་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དཀའ་ཁེག་ལ་མི་འཛེམ་པ་དང་།  དུས་ཚོད་འཐུས་ཤོར་གཏོང་མི་ཉེན་པ་སོགས་ཀྱི་གྲོས་གཞི་གནད་ལ་ཁེལ་བ་མང་དུ་བཏོན་མཐར་ཟླ་འདིའི་ཚེས་ ༣  གྱི་ཞོགས་ཁར་བྲག་འགོ་རྫོང་ཐོག་ནས་རང་རང་གི་ས་གནས་སུ་ལམ་ལ་ཆས་ཡོད་དོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *