རྡུང་ལེན་པ་གྲགས་བྷེའམ་རྔ་ལྗོངས་ཁུ་བྱུག

རྩོམ་ཡིག་འདི་ཐེངས། 1479 བཀླགས་འདུག

screen-shot-2016-12-04-at-6-24-29-pmཆོལ་གསུམ་བོད་རིགས་སྤུན་ཟླ་མང་པོའི་སྙན་ལམ་དུ་དཔྱིད་ཀྱི་དཔལ་མོ་བཞིན་ལྷང་ལྷང་དུ་གྲགས་པའི་དེང་རབས་བོད་ཀྱི་རྡུང་ལེན་པ་རྔ་ལྗོངས་ཁུ་བྱུག་གྲགས་བྷེ་ནི་ཕྱི་ལོ་ ༡༩༨༠ ལོར་མདོ་སྨད་ས་ཡི་ལྟེ་བ། སངས་རྒྱས་ཀྱི་བསྟན་པ་དར་བའི་གནས་མཆོག རྒྱུ་འབྱོར་གྱི་མཚོ་མོ་རྒྱས་པའི་ཡུལ་གྲུ་ཆེན་པོ་རྔ་ལྗོངས་གཡང་ལྡན་ཕྱུག་མོའི་ཆར་གཏོགས་ཀ་ཤུལ་སྡེ་བའི་རྩ་གོང་ཚང་གི་ཁྱིམ་དུ་སྐྱེས།    ཁོང་ལོ་ན་ཆུང་དུས་ནས་གངས་ལྗོངས་ཁུ་བྱུག་གམ་ཡོངས་གྲགས་སུ་རྒན་གདུ་བྷེ་དང་གཞས་པ་ཆོས་གྲགས་སོགས་ཀྱིས་བླངས་པའི་རྡུང་ལེན་ལེན་རྒྱུར་ཤིན་ཏུ་སྤྲོ་བ་ཆེན་པོ་ཡོད་པ་མ་ཟད།  སྡེ་མི་ཚོས་ཀྱང་དགའ་བསུའི་ཐལ་སྒྲ་མང་པོ་ཐོབ།   དེ་ནས་རིམ་བཞིན་བོད་ཀྱི་གར་སྟེགས་ཆེ་ཆུང་མང་བོར་ཞུགས་ཤིང་ཁོང་ལ་རྔ་ལྗོངས་ཁུ་བྱུག་གི་ཆོ་ལོའང་ཐོབ།   ཁོང་ལ་མཚོན་ན་མི་རིགས་ལ་དུང་བ་ཤིན་ཏུ་ཟབ་ཅིང་བོད་ཀྱི་གདོད་མའི་ཆོས་ལུགས་སམ་གཡུང་དྲུང་བོན་གྱི་བསྟན་པ་འདི་སྲོག་བཞིན་བཀུར་མཁན་ཞིག་ཀྱང་རེད།    

img_4399ཁོས་ནམ་རྒྱུན་ངག་ནས་འཐོར་བའི་སྐད་ཆ་ཞིག་ཡོད་པ་ནི།   “ངས་བོད་ཀྱི་བདེ་སྡུག་གླུ་རུ་ལེན་བཞིན་པ་ནི་རང་ཉིད་བོད་མི་ལ་རྒྱ་ཅན་ཞིག་ཡིན་པས་དང་། ངས་གཡུང་དྲུང་བོན་ལ་དད་པ་བྱེད་ཀྱིན་ཡོད་པ་ནི། རང་ཉིད་ཀྱི་ལྷ་སྐལ་བོན་པོ་ཡིན་པ་ལས་ཆོས་རྒྱུད་གཞན་ལ་སྙིང་པོ་མེད་ཅེས་ལབ་པ་དེ་བས་ཀྱང་མིན།” ཟེར་བས་ཁོང་ལ་གུ་ཡངས་ཀྱི་བློ་མིག་ཆེ་བ་དང་བཅོས་མིན་གྱི་བློ་ཕུགས་བརྟན་པ་མཚོན་ནུས།   ད་བར་དུ་ཁོང་གིས་བོད་ཀྱི་རིས་མེད་གྲུབ་མཐའ་དག་གི་བླ་མ་དང་དགོན་པ་ཆེ་ཆུང་མང་པོར་བསྟོད་ཚིག་གི་མཆོད་པ་ཕུལ་མྱོང་ཡོད་ལ།   དེར་མ་ཟད།    བོད་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་དགའ་བསུ་ཆེན་པོ་ཐོབ་པའི་ཆེད་བསྒྲིགས་འོད་སྡེར་༼གངས་རྒྱལ་ཏི་སེའི་གསུང་འཕྲིན་༽ དང་། ༼གངས་དཀར་ཨ་མའི་བརྩེ་བ།༽ ༼རྔ་ལྗོངས་ཁུ་བྱུག་གི་དབྱངས་རྟ།༽ ༼བོད་ལ་བཏབ་པའི་སེམས་འཕྲིན་སྟོད་ཆ་དང་སྨད་ཆ།༽ ༼ རྔ་ལྗོངས་གཡང་ལྡན་ཕྱུག་མོ་༽དང་། གདན་ཞུས་གར་སྟེགས་སུ་བླངས་པ་སོགས་སྡོམ་ན་འོད་སྡེར་ལྔ་བཅུ་ལྷག་སྤེལ་ཡོད་པས་ཁོང་ལ་བོད་མི་མང་བོས་དགའ་བསུ་ཆེན་པོ་ཐོབ་ཡོད།

screen-shot-2016-12-04-at-6-25-02-pmསྤྱི་ལོ་༢༠༡༦ལོར་རྔ་ལྗོངས་ཁུ་བྱུག་གི་ཐད་ལེན་དགོང་ཚོགས་ཐེངས་དང་པོ་བསྡུས་པས་སྔར་ལས་ལྷག་པའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཁོང་གི་དགེ་རྒན་གངས་ལྗོངས་ཁུ་བྱུག་བདུད་བྷེ་ཡང་ཕེབས་ཏེ་སེམས་གཏམ་དམར་པོ་ཞིག་བཤད་ནི་”ངའི་སློབ་བུ་གྲགས་བྷེ་ནི་ངའི་རེ་བ་ཡིན་ལ། ཁོ་ནི་འབྱུང་འགྱུར་བོད་ཀྱི་བདེ་སྡུག་གླུ་རུ་ལེན་པའི་ཁ་བ་བོད་ཀྱི་ཕོ་ཉ་ཡིན་”བཤད་དེ་འཆི་ཁའི་ཞལ་ཆེམས་ཁོ་ལ་བཅོལ་ཡོད།  དེ་རྗེས་ཁོང་ལ་གངས་ལྗོངས་ཁུ་བྱུག་གཉིས་པའི་ཆོ་ལོ་གནང་བ་ནི་ད་ལྟ་བོད་ཡུལ་ན་ཁྱབ་དང་ཁྱབ་བཞིན་པའི་སྒང་རེད།

། 

དགེ་རྒན་དམ་པ་སྐུ་མྱ་ངན་ལས་འདས་ནས་ཞག་མ་ཞེ་དགུ་ལོན་པའི་དགོང་མོར་རྔ་བ་ནས་མྱ་ངན་དགོང་ཚོགས་ཆེན་མོ་ཞིག་བསྡུས་ཏེ་མགྲོན་པོ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་འགའ་འདུས་པ་རེད།    ཁོས་ཀྱང་མགྲོན་པོ་དག་ལ་རང་མོས་ཀྱི་སྒོར་མོ་འགའ་རེ་མ་གཏོགས་མ་བླངས་བར་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དོད་བྱས་ནས་རྔ་བ་རྫོང་གི་སློབ་མ་ཉམ་ཐག་དག་ལ་སྒོར་ཁྲི་ཕྲག་འགས་རྒྱབ་བསྐྱོར་བྱས།

img_4400དགོང་མོ་དེ་ལ་ཁོ་རང་གིས་གསར་དུ་བརྩམས་པའི་གླུ་དགུ་དང་གངས་ལྗོངས་ཁུ་བྱུག་གི་གཞས་རྙིང་བཅུ་བཞི་ཐད་ལེན་བྱས།    ད་ལོ་དེ་སྤྱི་ལོ་༢༠༡༦/༩/༢༣་ཉིན་རྗེ་བླ་མ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མའི་སྐུའི་གྱ་སྟོན་གྱི་སྟོན་མོའི་སྟེང་ནས་ལྟ་མཁན་སྟོང་ཕྲག་མང་བོའི་རེ་བ་ལྟར་ཐད་ལེན་འགའ་བྱས་པས་སྐབས་དེར་ཐད་ལེན་ཁུ་བྱུག་གི་མཚན་སྙན་ཡང་གྲགས།     ད་དུང་དགའ་འོས་པ་ཞིག་ལ་མི་འཐུད་དུ་ཆེད་བསྒྲིགས་དང་དགོང་ཚོགས་སོགས་མང་བོ་སྤེལ་ངེས་ཡིན་པས་འུ་ཚོས་རྣ་བ་བསྲིང་སྟེ་སྒུག་རྒྱུ་བྱ།

རྔ་ལྗོངས་ཁུ་བྱུག་མི་ལོ་སོ་བདུན་ལ་ཐོན་པའི་བར་གྱི་གནས་ཚུལ་ཉུང་ཉུང་ཞིག་སྤྱི་ལོ་༢༠༡༦/༡༡/༢༩ཉིན་གཉེར་བ་རིན་ཆེན་གྱིས་རང་གིས་ཤེས་ཚད་ཙམ་ཐད་ཀར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *