སྲིད་འཛིན་ཨོ་བྷ་མས་རང་གི་བུ་མོར་གདམས་པའི་འཕྲིན། རྒྱལ་གཤེན་བོན་སྒྲ།

རྩོམ་ཡིག་འདི་ཐེངས། 376959 བཀླགས་འདུག

screen-shot-2016-10-05-at-2-25-13-amམི་ཚེ་ནི་འདི་འདྲའི་ཐུང་ཐུང་ཞིག་ཡིན་ན་ཡང་། མཚམས་ལན་རེར་ང་ཚོས་མི་ཚེ་ནི་ཅིས་ཀྱང་སོང་མི་ཚར་བ་ཞིག་ཏུ་བསམ་ཞིང་། དོན་དངོས་སུ། ཁྱོད་ད་ལྟ་གསོན་ཡོད་ཀྱང་ནམ་ཞིག་འཆི་དགོས་པས། མི་ཚེ་ནི་དངོས་གནས་མིག་རྡེབ་དབང་ཙམ་གྱི་དོན་ཞིག་ལས་མ་འདས། མི་མང་ཆེ་བས་འཆི་བ་མགོར་བབས་དུས་ད་གཟོད་ཚེ་གཅིག་རྫོགས་སོང་བ་ཚོར་བ་རེད།

༡ རང་གི་ཐེ་ཚོམ་འགོག་པ།

     གལ་ཏེ་ཁྱོད་རང་ཉིད་ལའང་ཡིད་ཆེས་མེད་ཚེ། མི་སུས་ཀྱང་ཁྱོད་ལ་ཡིད་ཆེས་བྱ་མི་སྲིད། ལེགས་འགྲུབ་ནི་ཁྱོད་ཀྱི་སེམས་ཤུགས་ལས་བྱུང་བ་ཡིན་པས། གལ་ཏེ་རང་གིས་སྒྲུབ་པ་ཐམས་ཅད་ལ་མཐོང་ཆུང་བྱས་པ་ཡིན་ན། དེ་ནི་མ་འོངས་པའི་ཕམ་ཁ་ཡི་སྔ་ལྟས་ཡིན་ལ། དེ་ངོ་མ་རུ་འགྱུར་ངེས། རང་ཉིད་ལ་ཐེ་ཚོམ་བྱེད་པ་ལས་ཧུར་བརྩོན་གྱིས་གནད་དོན་ལ་བསམ་གཞིགས་བྱས་ན་འགྲིག དེས་རང་ཉིད་ལ་ལྷག་ཏུ་སྤྲོ་བ་འཕེལ་བ་དང་ལེགས་འགྲུབ་འབྱུང་དུ་འཇུག་པར་མ་ཟད། ད་དུང་མཐའ་འཁོར་གྱི་མི་ལའང་ཤུགས་རྐྱེན་ལེགས་པོ་ཐེབས་ཐུབ།

༢ འཕང་སེམས་འགོག་པ།

       ད་ནི་རང་ལ་ཡིད་གཉིས་མ་འཛིན། གམ་གྱི་མི་ལའང་ཡིད་གཉིས་འཛིན་མི་རུང་། གཞན་གྱིས་རང་ཉིད་ལ་དོགས་ཟོན་བྱེད་མི་འདོད་པ་བཞིན། གམ་གྱི་མི་ལ་ཡང་དེ་ལྟར་བྱ་མི་རུང་། རང་གིས་གཞན་ལ་བཞག་པའི་ཤུགས་རྐྱེན་ཇི་འདྲ་ཡིན་པར་བསམ་བློ་བཏང་ན་འགྲིག འགོ་རྩོམ་པ་བཟང་ཡང་། གཞན་གྱིས་དེ་འདྲའི་དོགས་ཟོན་གྱི་དོན་དག་མང་པོ་ལ་ཉན་འདོད་མེད་པ་ཡིན།

༣ ནར་འགྱངས་འགོག་པ།

ངས་ད་ལྟ་བསྒྲུབ་མི་འདོད་པས་སང་ཉིན་ལ་སྐྱུར་ཞེས་འགོ་ནས་ནར་འགྱངས་བྱེད་འགོ་བརྩམས་པ་ཡིན་ན། དོན་དངོས་སུ་ཁྱོད་ཀྱིས་མདུན་བསྐྱོད་ཀྱི་མཚམས་བཞག་པ་ཡིན་ལ། ཁྱོད་ཀྱིས་ནར་འགྱངས་བྱས་པའི་དོན་དག་དེ་རང་བདག་གིས་ཐག་གཅོད་བྱེད་མི་དཔེ། གནད་དོན་ཐག་གཅོད་བྱ་དགོས་ན་མུ་མཐུད་དུ་མདུན་བསྐྱོད་བྱོས། མིག་རྒྱང་རིང་ས་ནས་བཤད་ན་ཁྱོད་ལ་སྤྲོ་བ་ལྷག་ཏུ་འཕེལ་ངེས།

༤ གདུག་རྩུབ་འགོག་པ།

སྟབས་མ་ལེགས་པར་གཞན་སྟེང་སྤོས་པའི་དོན་དག་འབྱུང་སྲིད་དེ། དུས་རྒྱུན་འབྱུང་ངེས། འོན་ཀྱང་བསམ་གཟས་ནས་དེ་ལ་འཁོན་ལན་སློག་པའི་བྱ་ངན་བསྒྲུབ་དགོས་དོན་མི་འདུག དེ་བས་ཤེས་བཞིན་དུ་རང་ཉིད་གདུག་རྩུབ་ཅན་ཞིག་ཏུ་མ་སྒྱུར། གལ་ཏེ་མི་ཞིག་གིས་ཁྱོད་ལ་ལུགས་མེད་བྱེད་ཀྱང་། ཁོ་ཚོ་ཇི་བཞིན་དུ་སྐྱུར་ཞིག དེ་ལ་དགྲ་ཤ་ལེན་དགོས་དོན་མི་འདུག དེ་མིན་ཚེ་ཁྱོད་ཀྱང་མི་དེ་ལྟ་བུར་འགྱུར་ངེས།

༤ ལེ་བདའ་འགོག་པ།

      ང་ཚོ་སུ་ཡང་མི་འདོད་པའི་ལས་ལ་འཕྲད་སྲིད། མཚམས་ལན་རེར་རྒྱུན་དུ་གཞན་ལ་སྙིང་གཏམ་བརྗོད་བསམ། དེ་སུས་ཀྱང་ལོས་རྟོགས། འོན་ཀྱང་ཁྱོད་ཀྱིས་ཕྱིར་བྱོ་བའི་གྲངས་ཚད་ལ་མཉམ་འཇོག་དགོས། ང་ཚོ་ཚང་མ་གྲོགས་པོ་དང་གཉེན་ཉེ་ལ་རོགས་རམ་བྱ་རྒྱུར་དགའ། འོན་ཀྱང་། གལ་ཏེ་མི་དེའི་སྟེང་ནས་ལྡོག་ནུས་ཤིག་ཚོར་བ་ཡིན་ན། དེ་ལས་རྒྱང་དུ་གྱེས་ན་བཟང་། ལྷག་པར་དུ་ཁོ་ཚོས་ཡང་དང་ཡང་དུ་བྱ་བ་གཅིག་ཁོ་ན་ལ་ལེ་བདའ་བྱེད་པའི་སྐབས་སུའོ།།

༥ སྒེར་སེམས་མ་ཆེ།

གལ་ཏེ་ཁྱོད་ཀྱིས་རང་ཁོ་ན་བསམ་པ་ཡིན་ན། མི་འགྱངས་བར་ཁྱོད་ཀྱིས་རང་གི་གམ་དུ་རང་ཉིད་ཁོ་ན་ལས་ལྷག་མེད་པ་ཚོར་ཡོང་། སྐར་ཆ་གཅིག་ལ་བསྡད་ནས་རང་གི་བྱ་སྤྱོད་ཀྱིས་གཞན་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་པར་སོམས་དང་། ངལ་གསོ་ཁང་གི་ཆེས་མཐའ་མཇུག་གི་འཚིག་ཇ་ཕོར་གང་བོ་ཁྱོད་ཀྱིས་བླངས་པ་ཨེ་ཡིན། ཁྱོད་ཀྱིས་གཞན་དང་ཁང་བ་མཉམ་གླ་བྱས་ཨེ་ཡོད། འོ་མ་ཡོད་ཚད་རང་གཅིག་པུས་ལོངས་སྤྱོད་མི་བྱེད་རྒྱུ་མཁྱེན། འཇིག་རྟེན་འདི་ནི་ཡོངས་ནས་ཚང་མས་ལོངས་སྤྱོད་བྱ་དགོས་པའི་འཇིག་རྟེན་ཞིག་ཡིན་པས། ཁྱོད་ཀྱིས་བསྒྲུབས་པའི་ལས་གང་གིས་ཀྱང་གཞན་ལ་ཤུགས་རྐྱེན་ཐེབས་པ་ཡིན།

༦ ཕྱི་ནས་ཟ་མ་མ་ཟ།

ཕྱི་རུ་ཟ་མ་ཟ་བ་ནི་སྒོར་མོ་ཆུད་ཟོས་སུ་གཏོང་བ་ཤ་སྟག་རེད། ཁྱོད་ལ་མཚོན་ན་དེ་ནི་བྱ་དགའ་ཆེན་པོ་ཞིག་ཡིན་སྲིད། འོན་ཀྱང་ཟས་ཐུན་རེ་རེ་ཕྱི་ནས་ཟོས་པ་ཡིན་ན་ད་ནི་རང་གི་བསགས་དངུལ་ཚང་མ་མགྱོགས་པོར་ཟད་པའི་གནས་ལས་མ་འདས། མ་མཐར་ཡང་རང་ཉིད་ཟ་བར་དགའ་བའི་ཚོད་མ་དག་ཇི་ལྟར་ལས་པའི་ཕྱོགས་ལ་སློབས་དང་། དེ་གྲོན་ཆུང་ཡིན་པར་མ་ཟད། ལྷག་ཏུ་བདེ་ཐང་ཡིན། ད་དུང་མི་གཞན་གྱི་མིག་མདུན་དུ་ཡང་ཧ་ཅང་མཛེས།

༧ ལེ་ལོ་མ་བྱེད།

མི་ལེ་ལོ་ཅན་གྱིས་གཞན་ལ་སུན་སྣང་བཟོ། དེ་ནི་བོང་བུ་ལ་སྣག་ཚ་བརྡར་དུ་བཅུག་པའི་དཔེ་ལྟར་ཁོ་ཚོ་ལ་བཙན་ཚུགས་ཀྱིས་བསྒྲུབ་ཏུ་བཅུག་པ་རེད། གལ་ཏེ་ངས་ཁྱོད་དང་མཉམ་དུ་གློག་བརྙན་ལ་བལྟ་བསམ་ན་ཡང་། ཁྱོད་ལ་ཡང་ཡང་མལ་ལས་ལངས་པར་སྐུལ་བ་ལས་རང་གཅིག་པུ་སོང་ནས་བལྟས་ན་དགའ། རང་ཉིད་ལ་སྒུལ་ཤུགས་སྩོལ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན། དེ་བས་གྲོགས་པོ་དང་ཁྱིམ་མིའི་བརྩོན་ཤུགས་ཆུད་ཟོས་སུ་བཏང་ནས་ཁྱོད་ལ་སྒུལ་ཤུགས་སྟེར་དགོས་པ་ཞིག་མ་བྱེད།

༨ དུས་ཚོད་ཆུད་ཟོས་སུ་མ་གཏོང་།

      ཏག་ཏག་སྔོན་འདིར་བཤད་ཟིན། འོན་ཀྱང་ངས་ད་དུང་ནན་བཤད་ཅིག་བྱ་འདོད། དུས་ཚོད་ནི་ང་ཚོར་ཡོད་པའི་ཆེས་རྩ་ཆེན་གྱི་ཐོན་ཁུངས་དེ་ཡིན་པས། དོན་སྙིང་མེད་པའི་བྱ་བའི་སྟེང་ནས་དུས་ཚོད་ཆུད་ཟོས་སུ་མ་གཏོང་། གལ་ཏེ་ཁྱོད་ཀྱིས་འཇིག་རྟེན་འདིའི་མུན་ནག་གི་གྲུ་ཟུར་ལ་ལྟ་ཞིབ་བྱ་འདོད་ན། དེ་ཧ་ཅང་བཟང་། ངས་ཀྱང་གཏན་འཇགས་ཀྱི་བྱ་བ་མེད་པའི་རང་དབང་ལས་གཉེར་བ་འགའ་ངོ་ཤེས། འོན་ཀྱང་ངས་རང་ཉིད་ཀྱི་རྒྱང་རིང་ཐུང་གི་དམིགས་ཡུལ་གང་ཞིག་བློས་བཏང་ནས་ཁོ་ཚོ་དང་མཉམ་དུ་ཕྱི་རུ་རྩེད་འཇོར་རོལ་མི་སྲིད།

༩ དམ་བཅའ་མ་འཇོག

དམ་བཅའ་འཇོག་རྐྱང་བྱས་ནས་དེ་ལས་འགལ་མཁན་མང་། དམ་བཅའ་འཇོག་པ་ནི་རང་ཉིད་ལ་འགན་ཁུར་ལྕི་མོ་འཇོག་པ་ཙམ་རེད། ཁྱོད་ཀྱི་ཐོག་མའི་འགོ་རྩོམ་ས་ཇི་ལྟར་བཟང་ཡང་། ཁྱོད་ཀྱིས་ཡོད་ཚད་འགྲུབ་ཐུབ་པའི་ངེས་པ་མེད། སྐབས་མང་ཆེ་བར། ཁྱོད་ཀྱི་དམ་བཅའ་དེ་གཏན་ཚིག་ལས་འགལ་བ་ཡིན།༼དཔེར་ན། ང་རང་ནམ་ཡང་ཁྱེད་གཅིག་པུ་ལ་དགའ་རྒྱུར་མནའ་བསྐྱལ་ཆོག་ཅེས་པ་ལྟ་བུ།༽ དེ་ཡང་ངེས་བརྟན་གྱི་ཁོར་ཡུག་ཁྲོད་དུ་ད་གཟོད་མངོན་འགྱུར་བྱེད། ཚིག་སྐམ་འགས་དམ་བཅའ་འཇོག་པ་ལས། གཞན་ལ་ཁྱེད་རང་མཁོ་དུས་གམ་ན་ཡོད་པ་ཞིག་བྱས་ཏེ་རང་གི་བྱ་སྤྱོད་ཀྱིས་ཁོ་ཚོའི་རེ་བ་བསྐོང་ཐུབ་པ་ཞིག་བྱས་ན་བཟང་།

༡༠ མི་བཟང་རྐྱང་བ་ཞིག་མ་བྱེད།

ང་ཚོ་གནས་པའི་སྤྱི་ཚོགས་འདིར། མི་རེ་རེས་ང་ཚོ་ལ་དོན་དག་རེ་འགའ་ཤེས་རྟོགས་འབྱུང་དུ་འཇུག ཚང་མས་ཕྱོགས་མི་འདྲ་བ་མང་པོ་ནས་རང་ཉིད་འཚོལ་ཞིང་། ཁྱོད་ཀྱིས་བསྒྲུབ་དགོས་པ་ཡང་འོས་ཤིང་འགྲིག་པའི་སྐབས་སུ”མིན”ཞེས་བཤད་ཆོག

༡༡ མི་སུན་སྤྱད་དག་གི་གཏམ་ལ་མ་ཉན།

      ཁྱོད་ཀྱིས་ཅི་ཞིག་བསྒྲུབ་འདོད་ཀྱང་། རྒྱུན་དུ་མི་ལ་ལས་ཁྱོད་ལ་དེ་ལྟར་མ་སྒྲུབས། དེ་ལ་དོན་སྙིང་མེད། སྤྱོད་སྒོ་མེད་པའི་གནས་ལུགས་ཁྱད་པར་བ་བརྒྱ་ཕྲག་བཤད་ཆོག་ཟེར་ངེས། འོན་ཀྱང་དེ་ནི་དྲ་རྒྱའི་སྟེང་ཆེས་དར་ཆེ་བའི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་དྲ་ཚིགས་ཤིག་ལས་མ་འདས། ངའི་བསམ་ཚུལ་འདིས་ཁྱད་འཕགས་ཀྱི་ལེགས་གྲུབ་མཁན་ལ་བཀག་འགོག་བྱ་མི་ཐུབ་སྟེ། དཔེར་ན་ཁྱོད་ཀྱིས་ཁོ་སྦས་NBAནས་ཕྱིར་འབུད་པ་དང་རྗོར་ཞི་ཧ་ནེ་ཁྲི་ལ་འཁྲབ་སྟོན་པ་མ་བྱེད་ཅེས་བཀག་འགོག་བྱེད་ཐབས་མེད་པ་ལྟ་བུ་རེད། ཚང་མར་དོན་སྙིང་ཅི་ཡང་མེད་པས་ན། ཅིའི་ཕྱིར་གཞན་ལ་རང་གི་བསམ་ཚུལ་ལ་བཀག་འགོག་བྱེད་དུ་འཇུག་གམ།

༡༢ འཕྲོ་བརླག་འགོག་པ།

      ཟ་མ་ཟས་མ་ཚར་བར་མར་གཡུག་པ་དང་། སོ་འཁྲུད་དུས་ཆུ་ཁ་ཕྱེས་ནས་རྩ་ཆེ་བའི་ཆུ་དེ་ཤག་ཤག་བཞུར་དུ་འཇུག་པ། འགྲོ་ཐུབ་སའི་ཉེ་ས་ཞིག་ལའང་གཟས་ནས་རླངས་འཁོར་སྐོར་ཏེ་རླངས་སྣུམ་བརླག་པ། ༼སླར་སྐྱེ་ཐབས་མེད་པའི་ཐོན་ཁུངས༽ གལ་ཏེ་ཁྱོད་ཀྱིས་འཕྲོ་ལྷག་བཏང་བ་ཡིན་ན་མྱུར་དུ་སྲོལ་ངན་འདི་སྐྱུར་ཞིག

༡༣ གང་འདོད་དུ་གད་སྙིག་མ་འཕེན།

      འཕྲོ་བརླག་གཏོང་བའི་མིའི་འཕྲོ་ནས་ངས་ཆེས་བློར་མི་འབབ་པ་ནི་གད་སྙིགས་མཁན་པོ་དག་རེད། གད་སྙིགས་མཁན་པོ་དག་ལ་ང་རང་ཧ་ཅང་སུན། ད་དུང་ནམ་རྒྱུན་འདི་འདྲ་ཧ་ཅང་མང་བས་བགྲང་གིས་མི་ལང་། གལ་ཏེ་ཁྱོད་ཀྱིས་ཁ་གཙང་ཐང་ཆུ་དང་ཤོག་བུ། ཀ་ར་སིལ་ཏོག་གི་ཤུན་འཐུམ། དུ་སྣེ་སོགས་སར་འཕེན་པ་ཡིན་ན། ཁྱོད་ནི་ཆེས་བློར་མི་འབབ་པའི་གད་སྙིགས་མཁན་པོ་རེད། ཁྱོད་ཀྱིས་དེ་ནི་རང་གི་ངོ་ཚ་རེད་བསམ་ཆོག འཛམ་གླིང་ལ་མི་གྲངས་དུང་ཕྱུར་བདུན་ཅུ་ལས་བརྒལ་བ་ཡོད། གལ་ཏེ་མི་རེས་དོ་སྣང་མ་བྱས་པར་གད་སྙིགས་རེ་འཕངས་ཚེ། འཛམ་གླིང་ཧྲིལ་བོ་མི་དུང་ཕྱུར་བདུན་ཅུའི་གད་སྙིགས་གསོག་སྒམ་དུ་འགྱུར་སྲིད་ལ། དེར་མགོ་བ་གཏེ་བོ་ཞིག་ཡོད་མི་སྲིད།

༡༤ བྱ་བ་གང་ཡིན་ཡིན་ཚང་མ་སེམས་སུ་མ་འཛིན།

ཚང་མས་དོན་དག་ཡ་མཚན་འགའ་རེས་རང་ལ་ཕོག་ཐུག་བཏང་སོང་སྙམ་གྱི་ཡོད། Kendrick Lamarཡིས་དབྱར་ཁ་འདིར་རྩོད་གླེང་གི་གླུ་དབྱངས《Control 》༼ཚོད་འཛིན༽ཞེས་པར་དཔེར་བཞག་ན། ཁོས་གླུ་ཚིག་ཁྲོད་དུ་རང་ལས་ཞན་པའི་གཞས་མ་གཏམ་གྱི་གླུ་བ་དག་ལ་སུན་འབྱིན་བྱས་ཡོད།༼དངོས་གནས་དེ་འདྲ་རེད༽ བྲག་རྡོ་གཅིག་ལ་རྦ་རླབས་སྟོང་ཕྲག་ཕོག་པ་བཞིན། གཞས་མ་གཏམ་གྱི་གླུ་བ་ཡོད་ཚད་ཀྱིས་གླུ་ཚིག་བརྩམས་ཏེ་རྒོལ་ལན་སློག གནད་འགག་ནི་ཚང་མས་རང་ཉིད་ནི་ཆེས་ཕུལ་དུ་བྱུང་བའི་གཞས་མ་གཏམ་གྱི་གླུ་བ་ཡིན་པར་སྙམ་པ་དང་། ཚང་མས་རང་གཅིག་པུ་ལ་ལྷག་ཏུ་མཐོང་ཆེན་བྱས། འདི་ནི་ཁོའི་དམིགས་ཡུལ་རེད། འདིས་ང་ཚོ་ལ་བསྟན་པ་ནི་དོན་དག་ཡོད་ཚད་ཁྱོད་གཅིག་པུ་ལྟེ་བ་བྱས་ནས་འཁོར་བ་མིན་པ་དེ་རེད། གལ་ཏེ་ཁྱོད་ནི་ཕྱི་གསལ་ནང་གསལ་གྱི་སེམས་ཅན་ཞིག་ཡིན་ན། གཞན་གྱིས་ཕྱོགས་འདི་བེད་སྤྱོད་གཏང་ངེས།

༡༥ སྐད་ཆ་མ་མང་།

མཚམས་ལན་རེར་སྨྲ་བ་ཉུང་བ་དེ་གསེར་ལས་ལྷག ལྷག་པར་དུ་ཕོ་མོའི་བརྩེ་དུང་གི་འབྲེལ་བའི་ཁྲོད་དུ། དོན་དངོས་སུ་ཐེངས་ཇི་འདྲ་ཞིག་ལ་བཤད་ནོར་བྱུང་ནས་སྤྱིར་གཡོལ་ཐུབ་པའི་རྩོད་པ་བྱུང་བ་ང་ལ་མི་གསལ་མོད། འོན་ཀྱང་ཁྱོད་ཀྱིས་བཤད་འདོད་པ་དེ་ཧ་ཅང་གལ་ཆེ་ཡང་མ་བཤད་ན་བཟང་། དེ་རང་དགར་ཞུ་ངེས། ཁྱོད་ཀྱིས་རང་གི་བྱ་སྤྱོད་ཀྱིས་ཡོད་ཚད་ལ་ར་སྤྲོད་བྱས་ཆོག གང་ལྟར་ཁྱོད་ཀྱིས་སྐད་ཆ་བཤད་སྐབས་དེ་ཐོས་ཐུབ་མེད།

༡༦ ངལ་ཙམ་གསོས་ཏེ་དབུགས་ལྷོད་ལྷོད་ཅིག་བྱོས་དང་། ཁྱོད་ཀྱིས་བྱ་བ་གང་ཞིག་བསྒྲུབ་སྟེ་ཉིན་གཅིག་རོལ་བ་ཇི་འདྲ་ཡིན་ཡང་། ལས་མཚམས་བཞག་སྟེ་དབུགས་འབྱིན་རྔུབ་ཅིག་བྱས་ནས་ནོར་འཆུག་མང་པོ་ལས་ཐར་བ་ལ་བྱ་དགའ་ཞིག་གི་ཚུལ་དུ་ངལ་གསོས་ནའང་ཆོག།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *