དུར་ཁྲོད་གསེང་གི་ཐ་སྙད།

རྩོམ་ཡིག་འདི་ཐེངས། 909 བཀླགས་འདུག

ངས་དུར་སའི་རྣམ་ཤེས་ལ་སྦྲུམ་པའི་ཐ་སྙད་དེ་འཚོལ་དགོས
ཚང་མར་མིག་ཡོད་པ་བཞིན
དེ་ནི་སྲིད་པའི་སྒང་ན་ཆགས་པའི་མངལ་ཆུ་ཡིན་ལ
མག་མོག་ལས་བྱུང་བའི་མུན་པ་འཚེར་བའི་ཉྭ་རིགས་དེ་ཡིན

 /
ངས་འཚོལ་དགོས་པའི་ཐ་སྙད་ནི
མཁའ་ལ་དཔྱང་བའི་དམུ་ཐག་ཡིན་ལ
མཁའ་ལས་ཟགས་པའི་མཚན་མོའི་རྒྱུ་སྐར་ཡིན
དེ་ཡི་རྒྱབ་རོལ་རྒྱབ་རོལ་ན
སྔགས་པའི་མིག་ཟུང་ལ
བྱ་རྒོད་དེའི་གྲིབ་མ་དཀག་ཡོད
 /
 ངས་འཚོལ་དགོས་པའི་ཐ་སྙད་ནི
སྣང་བ་མཆོད་པའི་རུས་རྐང་གི་སྙན་ངག་དེ་ཡིན་ལ
དེས་འདས་པའི་ལོ་རྒྱུས་ལ་འབོད་བརྡ་གཏོང་ཐུབ་ཅིང
སྐྱེ་དངོས་ཡོད་ཚད་ལ་ཚེ་སྲོག་གི་རྣམ་ཤེས་བསྐྲུན་ཐུབ་པའི་ཕྱིར
ངས་དུར་ཁྲོད་གསེང་གི་ཐ་སྙད་འཚོལ་དགོས
དེ་གངས་འདབས་ན་གནས་པའི་མི་རིགས་ཤིག་གིས
རང་གི་མ་སྐད་ནས་ཕ་སྐད་བརྒྱུད་དེ
རང་གི་བུ་རབས་ཚ་རྒྱུད་ལ་བྱིན་པའི
གྱ་ནོམ་པའི་ལེགས་སྐྱེས་ཀྱི་གདུ་བུ་ཏག་ཏག་ཡིན
 /
                                             ༢༠༡༤ .༡༡ .༨
墓碑林中的文字
                                                  / 诺才尔
我要去寻找那附在墓碑灵魂中的文字
就像一切都有眼
那是存在在宇宙中的生命之水
那是朦胧之中的鱼儿
 /
我要寻找的那个文字
是悬在空中的天绳
是夜空中闪烁的流星
在离它遥远的另一方
居士眼中遗留着那雄鹰的影子
 /
我要寻找的那个文字
是心灵最深处的诗歌
它可以呼唤已逝去的历史
能给所有的生灵注入生命的灵魂
 /
我要去寻找隐藏在
墓碑林中的那个文字
那是一个生活在雪山脚下的民族
历经母系到父系
留给子孙后代的
一串精美的手镯
 /
                                                          (智琼  译)

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *