༓ བོད་མེ་སྤྲེལ་ལོའི་ལོ་ཐོ་གསར་པ།

རྩོམ་ཡིག་འདི་ཐེངས། 2532 བཀླགས་འདུག

Screen Shot 2015-09-25 at 5.52.44 AMམདོ་སྨད་སྣང་ཞིག་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རྫ་ཚེ་དབང་བསྟན་འཛིན་གྱིས་བསྒྲིགས་པའི་རྔ་ལྗོངས་ལོ་ཐོའམ་བོད་མེ་སྤེལ་ལོའི་ལོ་ཐོ་འདི་ནི་རྩོམ་པ་པོ་ཁོང་གི་རྣམ་དཔྱོད་རྙོག་བྲལ་རྒྱ་མཚོའི་ཀླུང་ནས་འཁྲུངས་ཤིང་། ཟླ་བྲལ་སོར་མོའི་རྩེད་འཇོའི་འབད་རྩོལ་ལས་ཡོངས་སུ་ཐོན་པ་ཞིག་ཏུ་ལགས་པས་ན།    དེ་རིང་ངས་འདི་ནས་བདག་གི་གྲོགས་མཆེད་དམ་པ་བོད་ཀྱི་རྩོམ་པ་པོ་རྫ་ཚེ་དབང་བསྟན་འཛིན་ལགས་ཀྱིས་མི་བུ་སྤྱིར་བཏང་བ་ཞིག་གིས་ད་ཆར་བསྒྲུབ་མི་ཐུབ་པའི་ངོ་མཚར་ཆེ་བའི་ཕྱག་ལས་འདི་དང་།   མཁས་རློམ་བརྒྱ་དང་ཁྲི་ཡིས་ཕོ་ཚོད་རང་འདོད་ཁོ་ནས་བཞེངས་མི་ནུས་པའི་བོད་མེ་སྤྲེལ་ལོའི་རྔ་ལྗོངས་ལི་ཐོ་གསར་པ་སླར་ཡང་ལེགས་གྲུབ་བྱུང་པ་ལ་བཀྲ་ཤིས་སྨོན་པ་སྟོང་གི་ཁ་གཡང་དང་བདེ་ལེགས་ལེགས་སོ་ཁྲི་ཡི་ལྷ་དར་འཐེན་བཞིན་ཡོད་པས་མ་ཚད།   སླད་མར་ཡང་མུ་ནས་མུ་རུ་རྔ་ལྗོངས་ལོ་ཐོའམ་བོད་ཀྱི་ལི་ཐོ་འདི་དང་འདི་ལྟ་བུའི་ཚེ་སྲོག་གསར་པ་རེ་རེ་ཡི་གསོན་ཤུགས་དུས་ལྟར་རྒྱས་ཏེ་ང་ཚོའི་ཕྱི་ནང་སྣོད་བཅུད་གཉི་ཀའི་ལེགས་ཉེས་འགྱུར་འགྲོས་མ་འདྲེས་གསལ་བོར་སྟོན་པའི་ཁྱད་མཚར་ལི་ཐོའི་ཤེས་རིག་འདི་ཉིད་ཉག་ཕྲ་བའི་དབུགས་རྒྱུན་ལ་གསོས་སྨན་བསྣན་ཏེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཕྱོགས་ལ་ཐུགས་ཁུར་གཟབ་བཞེས་ཆད་མེད་གནང་རྒྱུར་རེ་བའི་འབོད་པ་ཡང་ཡང་ཞུ་བ་དང་།   རྗེས་མར་ཁོང་གི་མཛད་འཕྲིན་སྔོན་ལས་རྒྱས་ཤིང་ཐུགས་ཀྱི་བཞེད་དོན་ལྷུན་གྲུབ་ཡོང་བའི་སྨོན་པ་དཀར་པོ་བཅས་རྩོམ་པ་པོའི་གྲོགས་ཀྱི་ཐུ་བོ་གདོང་བཙུན་རྒྱ་ཐར་གྱིས་སྔར་བྲིས་ངོ་སྤྲོད་དེ་མདོར་བསྡུས་སུ་བྱས་ཏེ་ཕུལ་བའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *