ས་མཐའི་གཅོང་གླུ།

ནུབ་ཀྱི་ཞ་བོའི་རི་ཚོགས་འཐེང་ཞིང་གྱོལ་ཡང་།། སུག་རྗེས་ཚོན་མདངས་འདི་ཚོས་ལ་མོ་ཉག་ན།། འདབ་ལོ་ལྗང་ཁུ་ཡིན་པའི་ལྗོན་པ་ང་ཚོ།། འགྱེལ་བའི་ཁེ་ཚེ་སྒུག་ཅིང་སྡོད་ནས་ཅི་ཡིན།། (༡)

སྙན་ངག་པ་དེ།

སེམས་ན་གངས་ཀྱི་རྔམ་ཁ་མཐུག་ཅིང་།། ཡིད་ལ་འབྲོང་གི་དགའ་སྐྱོ་འཁོར་བའི།། སྙན་ངག་པ་དེ་ཉིན་དཀར་ཞིག་གི།། ཞོགས་ཀ་དེ་ཡིན་མཚམས་སྤྲིན་དེ་ཡིན།།

སྐད་ཡིག་གི་གསང་བརྡ།

ལོ་དང་ཟླ་བའི་བཞུར་རྒྱུན་རིང་མོ་ཇི་ལྟ་ཇི་ལྟར་འདས་ན་ཡང་།། མེས་པོ་དམ་པའི་ལོ་རྒྱུས་གླེགས་བམ་ང་ཡི་རྣམ་ཤེས་ཕྲ་མོས་གྲུབ།། རིགས་དང་རུས་ཀྱི་ཁྱད་པར་འབྱེད་པའི་ཕྱོགས་ཞེན་ལྟ་བ་མཐོ་ན་ཡང་།། ང་ནི་མཐོ་དམན་ཀུན་ལ་མཐུན་པའི་ངོ་གཉིས་མིན་པའི་གྲོགས་མཆོག་ཡིན།།

གྲོགས་དྲན་པའི་ལེའུ། 

རིང་ནས་མཛའ་བ་མ་བཏང་བར།། སེམས་ཀྱི་ཐིག་ལེར་འཁྲུངས་པའི་མི།། ཆ་མེད་འཇིག་རྟེན་གང་ཞིག་ནས།། ཡུལ་གྱར་འཚོ་བའི་ལྡེབས་རིས་སུ།།

བསྟོད་པ་གསང་བའི་མཐིལ།

གཡས་བོན་ཞེས་གསང་མཚན་ཞིག་ལ།། ལེགས་པོ་ཞེས་གདགས་སུ་གསོལ་བའི།། སྒོམ་ཆེན་ཞེས་སྙན་དུ་འབར་བའི།། ཞུ་ཚང་གི་དབུ་བླར་བྱོན་ཡོད།།