འཇང་གི་སྟོན་པའི་ཆོས་ལུགས་དང་བོན་གྱི་འབྲེལ་བ་ལ་དཔྱད་པ།

                ། ཡིག་གེ་དམར་པོ་འདི་ནོན་དང་[འཇང་གི་སྟོན་པའི་ཆོས་ལུགས་དང་བོན་གྱི་འབྲེལ་བ་ལ་དཔྱད་པ།]ཞེས་པའི་རྩོམ་ཡིག་ཆ་ཚང་བཀློག་ཐུབ། ། རྩོམ་ཡིག་གི་ནང་དོན་གནད་བསྡུས། འཇང་རིགས་སྟོན་པའི་ཆོས་ལུགས་དང་བོད་ཡུལ་བོན་གྱི་འབྲེལ་བ་ལ་དཔྱད་པའི་རྩོམ་ཡིག་འདི་ནི་སྤྱི་སྡེ་དགུ་ཡི་ཁོངས་སུ་བསྟན་པ་སྟེ། ཡུལ་དངོས་ལ་བསྐྱོད་དེ་རྩོམ་ཡིག་འདིའི་རྒྱུ་ཆ་འཚོལ་བ་དང་། འཇང་སྐད་ཁྲོད་ཀྱི“སྟོན་པ”ཞེས་པའི་ཐ་སྙད་བྱུང་ཁུངས་ལ་དཔྱད་པ་དང་། འཇང་ཡུལ་སྟོན་པའི་ཆོས་ལུགས་ཀྱི་འཕོ་འགྱུར་དང་། འཇང་གི་གདོད་མའི་ཆོས་ལུགས་དང་། འཇང་ཡུལ་དུ་བོན་བསྟན་སྤེལ་བའི་ཨ་མེས་གཤེན་རབ་དང་། སྟོན་པའི་ཆོས་ལུགས་ནང་གི་བོན་གྱི་ཐེག་པ་ཆེན་པོ་དང་། སྟོན་པའི་ཆོས་ལུགས་ནང་གི་བོན་གྱི་རྒྱུ་ཐེག་དང་།  འཇང་སྐད་ནང་གི་བོད་སྐད་ཚབ་མིང་དཔེར་མཚོན་རེའུ་མིག་དང་། ཞར་བྱུང་ཟུར་རྒྱན་བཅས་ཀྱིས་རྩོམ་ལུས་འདི་ཉིད་ཀྱི་སྤྱི་ཁོག་བཟུང་བའི་དཔྱད་རྩོམ་ཞིག་ཏུའོ།། ། བརྡ་ཆད་གཙོ་བོ། སྟོན་པའི་ཆོས་ལུགས། བོན། འཇང་བོན་འབྲེལ་བ།

༧སྐྱབས་རྗེ་ཞིང་གཤེགས་དམ་པ་གླེང་བ། 

༧སྐྱབས་རྗེ་ཞིང་གཤེགས་དམ་པའི་ངང་ཚུལ་གླེང་བ། རང་གིས་མཐོང་ཐོས་མྱོང་གསུམ་ཟུར་ཙམ། ། སྨན་རིའི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་གྲུབ། ། ་་་་་་་་་་་་་་་་་་སྐུ་ཚེ་ཧྲིལ་པོར་བྱ་བྲལ་ཉམས་ཆུང་དང་འདོད་ཆུང་ཆོག་ཤེས་ཁོ་ན་མཛད། ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་དུ་གྱུར་ནའང་ཆེ་འདོད་དང་ཁེངས་སེམས་ཀྱི་དྲི་མ་རྡུལ་ཙམ་མི་མངའ། སྤྱི་ཐབ་ཀྱི་གསོལ་ཇ་དང་བཞེས་ལག་རྣམས་བདུད་རྩི་རུ་དམིགས་ཏེ་གྲྭ་པ་དཀྱུས་མ་བཞིན་མཉམ་ཟ་མཉམ་འཐུང་མཛད། 

གཤེན་རབ་མི་བོའི་འཁྲུངས་ཡུལ་གྱི་སྐོར།

། གཤེན་རབ་མི་བོའི་འཁྲུངས་ཡུལ་འོལ་མོ་ལུང་རིང་ནི། བོན་གྱི་མཁས་པ་ཁག་གཅིག་གིས་ས་ཚིགས་ཀྱི་ཡུལ་དབུས་དང་ཡོན་ཏན་གྱི་ཡུལ་དབུས་གཉིས་སུ་ཕྱེས་ནས་དང་པོ་བོད་ཡུལ་གྱི་གངས་ཏི་སེ་ལ་ངོས་འཛིན་བྱས་པ་དང་། གཉིས་པ་སྟག་གཟིག་འོལ་མོ་ལུང་རིང་ཡིན་ལ་དེ་ནི་དག་ཞིང་ཞིག་སྟེ་ནུབ་བདེ་བ་ཆེན་པོའི་ཞིང་ཁམས་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་དེར་བགྲོད་དགོས་ན་རྫུ་འཕྲུལ་སོགས་ནུས་པ་ཁྱད་པར་བ་ཞིག་མེད་ན་སོ་སྐྱེ་རང་ཁ་ལྟ་བུས་དེར་འགྲོ་མི་ཐུབ་པ་ལྟ་བུ་གསུང་ཡོད།

མཛོད་གནས་བཅུ་བདུན་གྱི་འགྲེལ་བ་མཁས་བཞིས་མཛད་པ་ཞེས་པའི་དཔེ་ཆ་ལ་དཔྱད་པའི་གཏམ།

། ས་བདག་ཁྱི་སྤྱང་ལྷན་དུ་དཔུང་སྦྲེལ་ནས།། ས་སྟེང་བོན་གྱི་ཀ་ཆེན་བསྒྱེལ་བའི་དུས།། ས་ཡའི་དོན་དུ་རང་སྲོག་འབེན་བཙུགས་ཏེ།། ས་སྙིང་བོན་གཏེར་སྐྱོང་མཛད་གྱེར་སྤུངས་རྗེ།། ། གངས་རིའི་བླ་སྲོག་བཅུ་ཕྲག་རིག་པའི་གཞུང༌།། གངས་རིའི་ཞིང་དུ་མི་ཉམས་སྤེལ་བའི་བཤེས།། གངས་ཅན་མཁས་གྲུབ་བྱེ་བའི་གཙུག་གི་ཏོག། གངས་རིའི་ཚིག་མཛོད་བསྟན་འཛིན་རྣམ་དག་རྒྱལ།།

རྒྱ་ཀོང་ཙེ་དང་ཐང་ཐའེ་ཙུང་། ཀོང་ཏཱ་ཡུད། ཁུང་ཙེ་སོགས་ཀྱི་སྐོར་དཔྱད་ཞིབ།

སྔོན་གླེང་།   ་་་་་་་་་་་སྐབས་འདིར་གླེང་བར་བྱ་བའི་གཞུང་གི་མིང་ཆ་ཚང་ལ་«གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཔལ་མགོན་རྒྱལ་པོའི་གཟུངས་བཞུགས།»ཞེས་ཟེར་ཞིང་། ནམ་རྒྱུན་ཡོངས་གྲགས་སུ་«གཟུངས་ཆེན་»ཞེས་འབོད་ཀྱི་ཡོད་པ་རེད༑ གཞུང་འདི་མ་གླེང་གོང་ལ་ཐོག་མར་རྒྱ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པའི་མི་སྣའི་ཐད་ནས་ཅུང་ཟད་མ་གླེང་རང་གླེང་ལྟ་བུར་ཆགས་ཡོད༑